e-texts navigator
Collection
Volume
Page
Wylie

290a1 འདུས་པར་བཀའ་བགྲོས་པ་འདོན། རིན་པོ་ཆ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ནང་ཤོལ་མེད་ཡེ་ཤེས་རང་ཤར་བསྟན་པའི་ཙུ་སྟན་པལ།། དེ་ནུས་འདུས་པ་ཚོགས་རྣམས་ལ།། དུ་དུ
290a2 པས་བཀའ་སྩལ་བ།། གཞི་ཤེས་གཞི་མཐུན་བརྒྱལ་ཞུགས་ཅན།། བགེགས་མེད་སྤྱོད་པ་བཤད་ཀྱིས་ཉོན།། གདམས་ངག་མ་ནོར་གཞི་ཤེས་པས།། ལྟ་བ་ངེས་པའི་གདིང་ལྡན་གྱིར།། གང་ཡང་ཆོས་པུ་རང་གསལ་བས།། འདུས་མ་བྱས་ཀྱི
290a3 མཁའ་འདྲ།། དུས་དང་རྣམ་པ་ཐམས་ཅད་དུ།། གོམས་པ་གདེང་དུ་མ་གྱུར་པར།། གདམས་ངག་རྒྱུན་དུ་དྲན་པར་བྱ།། དྲན་པ་མི་དགོས་རྟག་ཏུ་ནི།། གཞི་དང་མཐུན་པར་བསྟན་ཡོད་ན།། ལྟ་བ་ག་དང་གིས་ཟིན་པ་ཡིན།། དེ་ལ་སྒོ་གསུམ་བཅོས་མི་དགོས།།
290a4 མ་བཅོས་པ་ཡི་ཆོས་ཉིད་ལ།། གང་མཐོང་ཉིད་འཕྲུལ་མེད་པའི་ཕྱིར།། ཡིད་ལ་གང་དྲན་ཆོས་སྤར་གཅིག། སྨིག་རྒྱུན་མ་མཁར་ཤེས་པ་འདི།། བརྟུལ་ཞུགས་མཆོག་གིས་ལ་ཟློས་ན།། མཚམས་མེད་ལྔ་དང་མི་དགེ་བཅུ།། ཆགས་སྡང་ལྔལ་ལོངས་སྤྱོད་ཀྱང་།
290a5 བཟླ་བརྟོགས་པའི་གྲོགས་སུ་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེས་དོ་ན་གདམས་ངག་ཡོད་པ་ལ།། མེ་རིག་གཏི་མུག་མེད་པའི་ཕྱིར།། ཡུལ་མེད་རིག་པ་ཀུན་འཕྱོ་ཡང་།། གང་ལ་ཞེན་མེད་ནམ་མཁའ་འདྲ།། སྲུང་མ་ལྔ་ཡིས་མ་བསུངས་པའི།
290a6 མོ་ཆགས་པ་ཅི་སྤྱོད་ཀྱང་།། དོན་ཟིན་ཉེས་མེད་པདེ་བའི་ལམ།། འབྱོར་བ་མི་སྨིན་གོས་པ་མེད།། པདྨ་འདམ་གྱིས་མ་གྲོས་འདྲ།། ཞེ་སྡང་ཅི་སྐྱོང་ལྷག་བསྔལ་ཡང་།། དགྲ་ག་ཉེན་གཞིལ་མེད་པའི་ཕྱིར།། དེ་ཚེ་ཞེ་སྡང་མཐའ་གསུམ་ཐལ།། སྦལ་གྱི
290a7 མདུད་པ་རང་གྲོལ་འདྲ།། དུས་གསུམ་རྩབ་ངེས་པའི་ཕྱིར།། དེ་བཞིནང་རྒྱལ་ཕྲག་དོག་ཀྱང་།། རང་བྱེད་དང་སྟོང་རང་ཞིའི་ཕྱིར།། བཙོན་ཤོར་དང་ཡུལ་སླེབས་པ་འདྲ།། དེ་ཡིང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་རྟོགས་པའི་རྣལ་ཁྱོར་པས།། རྐྱེན་གྱིས་གཞན




iiif viewer powered by OpenSeadragon

289b - 290b

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud