e-texts navigator
Collection
Volume
Page
Wylie

276a1 བསྒོམ་དུ་མད་ཅང་བདུད་རྣམས་སྦྱངས།། སངས་རྒྱས་ཐམས་ཅད་ཐ་དགངས་པ་ཆོས་སྐྲག་ཅགཏུང་དུས་པར་བཀ་བགས་པམ་ནན། ན་རྒྱས་ཏུན་ཀུན་བྱུང་གད་ལས། བསྒོམ་པར་བདུ་པལ་ཟས་ལྡནན་པང་མའ་སྐྱེ་བརྒྱ་ན
276a2 པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། སྤྱོད་པའི་བདུད་བཞི་བྱུང་བ་ཡང་།། སྣང་བའི་ཡུལ་ལ་ཞེན་པ་ནི།། ཡོན་ཏན་སྔོན་དུ་མ་ཤེས་ཕྱིར།། འདུ་ཛི་ལོངས་སྤྱོད་བདུད་བྱུང་ན།། གདམས་ངག་མེད་པར་ཚུལ་ཆོ་བྱེད།། མི་རྣམས་སྨོན་འདོད་གཞན་སེམས
276a3 འཛིན།། དོན་པོར་བདག་འཛིན་ཕྲག་དོག་སྲུང་།། དེ་དག་དགྲར་ཤེས་ཞེན་པ་ཆུང་།། བུ་བཞིན་ཆགས་མེད་དོན་གྱིས་ཟིན།། ལོངས་སྤྱོད་རང་གྲོལ་རོལ་པར་རྟོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཞེན་ཆགས་གནས་ཀྱི་བདུད་བྱུང་ན།། ཐོས་ཆུང་ཁང་ཆེན་ཉམས་དགའ
276a4 བརྩིགས།། བཀྲ་ཤིས་འདྲེ་མེད་ལྷ་ཡོད་ཟེར།། འདྲེ་བ་རྟེན་མཐུ་ཡོད་གཞན་ལ་བསྡིག། གནས་ལ་མ་ཆགས་ངེས་མེད་ཤེས།། བདག་གནས་གཞི་ལ་མེད་རྟོགས་པས།། གང་ན་འདུག་པ་འོག་མིན་གནས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོན་ཏན་གཡེང་བའི་བདུད་བྱུང་ན།།
276a5 རིག་པ་ལྔ་ལྡན་བཀུར་སྟིར་ཞེ་ན།། དོན་པོར་གཞན་དོན་རང་ཆུད་གོལ།། ཞེན་ལོག་དོན་དྲན་ཟིལ་གྱིས་མནན།། བདུད་མེད་ཡེ་ཤེས་བསྐལ་མར་ཤེས།། གཡེང་བ་བདག་གཞན་ཆོས་སྐུར་འགྲུབ།། འཁོར་ངན་སེམས་འཁྲུགས་བདུད་བྱུང་ན།། བལྟ་དམན་འཁོར་ལ་གདུང་དྲགས
276a6 པས།། འགྲན་སེམས་ཆོག་ཤེས་མེད་པར་འདོད།། དད་ལོག་བསྐུར་འདེབས་ཞེ་སྡང་སྐྱེ།། གདུང་སེམས་བསླངས་ལ་འབྲེལ་སེམས་བཅད།། བདུད་ནི་ཆོས་སུར་ཤེས་པ་ལས།། སྤངས་ཤིང་དོར་དུ་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་ནི་དེ
276a7 དག་ཀྱང་།། སྣང་བ་ཡོད་ན་བདུད་ཀྱང་ཡོད།། དེ་ཕྱིར་ཡུལ་དང་འབྲེལ་པ་བཅད།། འབྲེལ་མེད་སེམས་ལ་བདུད་མི་འབྱུང་།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀང་བགྲོས་པའི་དོན།། རིན་པོ་ཆེ་ཡོན་ཏན་ཀུན་འཐུང་གི་ཆུད་ལས། སྤོད་པ




iiif viewer powered by OpenSeadragon

275b - 276b

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud