| | e-texts navigator
|
274a1 རྡོ་རྗེ་སེམས་དཔའ་ཉོན།། དེ་དག་གི་ཡོག་རྣམ་གསུམ་ཡང་།། གཞི་ཉིད་མ་ངེས་བློ་འགྱུར་ཅིང་།། ནམ་མཁའ་དག་ལ་འཛིན་པ་བཞིན།། དོན་ལ་འཁྲུལ་པར་བཚོམ་མེད།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནས་སུགཅིག་ན
274a2 བགྲོས་པ་ནན། རིན་པ་ཆ་ཡོན་ཏན་ཀུན་འབྱུང་གི་ཏུད་ལས། ཀྱཻའི་འཁྲུལ་ཚུལ་བསྟན་པའི་ལའུ་སྟེ་བཅུབ་དོ།། ། དེ་ནས་འདས་པའི་ཚོགས་རྣམས་ལ།། གན་ག་ཆོས་ཀྱྀ་རྒྱལ་པ་ཡིས།། བསྐྱེད་རྫོགས་རྣམགས་མ་འཇལ་པས།། དོན་ཀྱ
274a3 བཀའ་སྩལ་པ།། ནམ་མཁའ་སྤྲིན་དང་ཁུ་རླངས་བཞིན།། རྣལ་འགྱོར་མ་ཧཱ་ཡོ་གཡས།། བདེན་པ་དབྱེར་མེད་འདོད་པའི་གཞིས།། རྟོག་ཚོགས་ལྷ་རུ་བསྒོམ་པས་འཁྲུལ།། དོན་མེད་བགེགས་དང་རཱ་ཏཱར་ལུང་།། དབུ་མ་དང་འདྲ་འབྲས་བུས་གོལ།།
274a4 ལ་མི་བརྟན་རྟོགས་པའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ནུ་མོ་གང་དབྱེ་བ་ནི།། ཀུན་གཞི་མཁང་ཀློང་གཞི་བྱས་ནས།། སྣང་བ་ཀུན་བཟང་རོལ་པར་འཁྲུལ།། ཡོད་མིན་མེད་མིན་སྐྱེ་མཆེད་ལྷུང་།། མཁའ་ཀློང་དབུམ་ཆད་དང་འདྲ།།
274a5 ཉིད་ཡིན།། མན་ག་ཨ་ཏིའི་འཁྲུལ་ཚུལ་ནི།། སྤྱི་དང་ཁ་འཐམས་ལུང་ཚིག་སྤང་།། དེ་དག་གོ་ལས་རངས་བཤད་ཉོན།། རིན་ཆེན་གསེར་སྐུལ་མཐོང་སྔོན་བཞིན།། སྐྱེ་ཙམ་ལ་ནི་བརྟེན་པའི་གཞི།། མཁས་སུ་རེ་ནས་ཐ་སྙད་འདོགས།། དོན་མེད་ནམ་མཁའ
274a6 མཐའ་ཚོལ་འདྲ།། ཚིག་ཏུ་ཤེས་པས་དོན་མ་རྟོགས།། ཚིག་རང་དོན་ཡིན་ཟེར་བས་འཁྲུལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁང་བྱམས་པ་ཡིས་འཁྲུལ་པ་དེ།། སྣང་བ་སེམས་རྒྱུད་གཞིར་བྱེད།། ཀུན་བརྟགས་ལྡན་གྲུབ་བཅུ་རུ་འཁྲུལ།། འབྲས་བུ་མི་འབྱུང་ལོག་པར
274a7 གོལ།། གཞི་དང་མ་མཐུན་ལུང་རིགས་འགལ།། གཞི་ཉིད་མ་ཤེས་སྐྱེ་བོ་རང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཚི་ག་ཟིན་ཕུང་གི་འཁྲུལ་པ་དེ།། ཚིག་ཙམ་ལུང་ཁུངས་གཞིར་བྱེད།། དགོངས་པ་རྣམ་གསུམ་མ་ཤེས་འཁྲུལ།། ཚིག་ཙམ་ལུང་གིས་དོན་མི་རྟོགས།
iiif viewer powered by OpenSeadragon
273b - 274b