| | e-texts navigator
|
273a1 ། !གང་ན་གནས་པར་བྱ།། འཁྲུལ་གཞ་ཡད་ལ་ཀུན་བརྟགས་གསུམ།། བྱང་ཚུལ་མ་ཤས་གཏ་མུག་གིས།། དེ་པྱིར་ཐོག་མཐའ་མེད་པར་གནས།། དེ་ཉིད་མ་ཤེས་པ་མར་ནི།། ངམ་དན་མེད་པ་སྔགས་བརྫུན་པན།། ཆུབ་བཞིཔ་།
273a2 ཐར་པ་མེད།། འཁོར་བའི་སྡུག་བསྔལ་བས་མ་ཐག་ཆད།། དེ་ཕྱིར་གདེང་མེད་རྟག་ཏུ་ལ་བྱམས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། འཁོར་བའི་བྱུང་ཚུལ
273a3 བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་ཏུ་བཟང་ལ་འདི་སྐད་གསོལ།། ཕྱིན་ཅི་ལོག་ཏུ་བློས་བསྐུར་བའི།། མུ་སྟེགས་རྟག་ཆད་ཇི་ལྟར་འཁྲུལ།། ཕྱོགས་ཙམ་ཁ་འཛིན་ཐེག
273a4 པ་དཀུ།། རང་གི་གཞི་ལས་ཇི་ལྟར་འཁྲུལ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གས་ན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མུ་སྟེགས་རྟག་པའི་འཁྲུལ་དཔེ་ནི།། སྨན་ནི་དུག་ཏུ་འཛིན་པ་བཞིན།། དབྱེ་བ་དྲུག་གི་དོན་མཚོན་དེ།། ངོ་བོ་མི་འགྱུར
273a5 གཞི་བྱས་ནས།། ཁ་དོག་དབྱིབས་ཅན་དག་ཏུ་འཁྲུལ།། ལོག་པའི་དཀའ་ཐུབ་དམྱལ་བར་ལྟུང་།། རིག་པས་བརྟགས་པས་བདག་མ་གྲུབ།། དེ་ཉིད་ལ་ཟློས་ཆོས་སུ་ཉིད།། དེ་ལས་གཞན་པའི་སངས་རྒྱས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མུ་སྟེགས་ཆད་པའི་དབྱེ་བ་ནི།།
273a6 ཁ་དག་དབྱིབས་མེད་ཆད་གཞི་བྱས།། སྣ་ཀྱི་རྒྱུ་འབྲས་མེད་པར་འཁྲུལ།། སྤར་བཏབ་དམྱལ་བ་ཆེན་པོར་ལུང་།། ཆད་དུ་མིན་ཏེ་རིག་པ་ཡོད།། དེ་ཕྱིར་གཞི་ལ་གོ་ལས་མེད།། རང་བྱུང་ཡེ་ཤེས་སློང་ན་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྲེའུ་འདྲས་ལོག་པར་ཁྲིད་ཀྱང་ནི།།
273a7 གཞི་ཉིད་རྟག་ཆད་མཐར་མི་ལྟུང་།། བཅོས་ཤིང་བསྐུར་བས་གཞི་མི་འགྱུར།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐྲ་གཅིག་ཏུ་འདུས་པར་བཀའ་བ་སྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མུ་སྟེགས་ཀྱི་འ
iiif viewer powered by OpenSeadragon
272b - 273b