| | e-texts navigator
|
271b1 དེ་མ་ཤེས་པར་ལུང་མ་བསྟན།། དེ་ལས་འཁྲུལ་པས་འཁོར་བར་སྤེན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་བ་མུ་སྟེགས་རྣམ་གཉིས་དང་།། ནང་པ་སངས་རྒྱས་ཁས་འཆ་བའི།། ཉན་ཐོས་རྒྱུད་ལུང་ཡན་ཆད་ཀྱིས།། གཞི་ཉིད་མ་ཤེས་འཁྲུལ་པའི་ཕྱིར།། བསྒོམ་གོ།
271b2 བདུད་བསླུས་པར་དོར་འཐམས།། དེ་ཡི་ལྡོག་ཆོས་ཤེས་པ་དགོས།། འཁོར་འདས་མ་རིག་ངེས་པའི་དོན།། བཀའ་རྟགས་ལྔ་ཡི་དོན་བསྡུས་པ།། ངད་ལྡན་འཁོར་ལ་ངས་བཤད་ཀྱིས།། རང་གི་སེམས་ལ་ངེས་པར་ཆོངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་འཛིན
271b3 གྲུབ་ཐོབ་བཀའ་རྟགས་ནི།། སྲས་ལ་རྒྱལ་སྲིང་གཏད་པ་བཞིན།། ལུང་ལྡན་ངེས་པའི་གདམས་ངག་ནི།། སློབ་མ་དད་ལྡན་འགའ་ལ་གཏད།། རིག་པ་བྱིན་རླབས་བཀའ་རྟགས་ནི།། རིན་ཆེན་གསེར་འགྱུར་རྩི་བཞིན་དུ།། ཐ་མལ་ཤེས་པ་འདི་ཉིད་ཡང་།། རང་རིག
271b4 ཆོས་སླར་བྱིན་གྱིས་བརླབས།། ཉམས་སུ་སྦྱོང་བའི་བཀའ་རྟགས་ནི།། བདེ་བ་སྙིང་ལ་ཞེན་པ་བཞིན།། རང་རིག་ཆོས་སྤུར་ངོ་སྤད་པས།། ཞེན་མེད་ཉམས་དང་འབྲལ་མི་ཕོད།། ལ་ཟློ་སྤྱོད་པའི་བཀའ་རྟགས་ནི།། མར་གྱིས་འོ་མ་འཐུངས་པ་བཞིན།། ཅི་སྤྱོད་འབྲལ་མེད
271b5 ཆོས་སྐུར་ཤེས།། གོལ་མེད་ལ་ཟློས་དོན་མི་འབྲལ།། འབྲས་བུ་མཐར་ཕྱིན་བཀའ་རྟགས་ནི།། ནོར་བུ་རིན་ཆེན་རྙེད་པ་བཞིན།། ཆོས་རྣམས་ཆོས་སྐུར་གཅིག་ཤེས་པས།། འཁོར་སྟོངས་སངས་རྒྱས་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བཀའ་རྟགས་ལྔ་ནི
271b6 གཅིག་ཤེས་ན།། རང་སེམས་རྟོགས་པས་གཞི་དང་ཕྲད།། དེ་ཕྱིར་ཆོས་སུ་འབྲལ་མེད་ལམ།། འབྲས་བུ་འགྱུར་མེད་སངས་རྒྱས་ཡིན།། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། མཛུབ་མོ་ལ་བརྟེན་ཟླ་བ་མཐོང་།། གདམས་དག་ལ་བརྟེན་ལྷག་མཐོང་ཤར།། དོན་རྟོགས་ཀློང་ནས་ཡེ་ཤེས་།
271b7 འགྲོ།། རིག་པོ་ཆོས་སུ་རྣམ་པ་གཉིས།། ཐ་དད་མེད་དེ་ཉེ་བར་ཚུལ།། དོན་ལ་དབྱེར་མེད་ཆོས་ཀྱི་སྲ།། ཏུ་རྐྱེན་མ་བསྐྱེད་ཡེ་ནས་ཡིན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་ལྷ་གཅིག་ཏུ་འདུས་པར་བཀའ་བ་ཀྲོས་པའི་དོན། རིན་པ་ཚེ་ཡོན་ཏན་ཀུན་འཐུང་གི་རྒྱུད་ལས། གདམས།
iiif viewer powered by OpenSeadragon
271a - 272a