e-texts navigator
Collection
Volume
Page
Wylie

270b1 མེད་དག་པ་འདན་སྤོགས་པས།། རང་སམས་སྣང་བརྟགས་པའི་ཐབས།། རྒྱས་ཉིད་གནས་ལུགས་གང་ཡིན་པ།། རྟོག་མང་ཐུགས་རྗེས་བཀའ་བ་ཀྲེས་ལ།། སེམས་ཅན་དོན་དུ་བྱིན་གྱིས་རྫོབས།། དེནན་ཅེས་རྡོ་གསུང་བ་ཛིདོན།། སངས་ཐས་པ
270b2 དཔའ་ཀུན་གྱིས་ཀྱང་།། གང་ཞིག་ཞུ་བར་མ་སྤོབས་ནས།། མངའ་བདག་རྡོ་རྗེ་སེམས་དཔའ་ཡིས།། ཕྱི་རབས་དད་ལྡན་དོན་ཆེད་དུ།། ངེས་པའི་དགོངས་དོན་འདི་སྐད་གསོལ།། དུས་གསུམ་སངས་ཀྱིས་མ་ལུས་ཀུན།། ངེས་དོན་མངའ་བདག་ཁྱེད་ཡིན་པས།། རྩོལ
270b3 བཅས་ཆོས་ནི་མཐར་བཏོན་པས།། རྩོལ་མེད་ཐེག་པ་མི་གསུངས་པ།། སྔོན་གྱི་ཐུགས་དམ་ཡལ་ལམ་ཅི།། མ་ནོར་ཆོས་ཉིད་བཤད་དུ་གསོལ།། དེ་སྐད་ཅེས་ནི་ཞུས་པ་ཡིས།། སངས་རྒྱས་ཐུབ་ཆུབ་འདུས་ཀུན་ནས།། རང་དང་དགོངས་པའི་དོན་བསྡུར་ནས།། བཀའ་ཡི
270b4 བ་མང་དུ་བགྱིས།། ཞུས་པའི་དོན་གསན་བཀའ་སྩལ་པ།། གཞི་ཉིད་རྟོགས་པ་ལམ་གྱི་མཆོག། དེ་ཉིད་མབྲལ་མངོན་གྱུར་པས།། འབྲས་བུ་སངས་རྒྱས་ད་ལྟ་ཉིད།། སྐྱེ་བ་གཞན་དུ་བཙལ་མེ་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ནོར་སངས་རྒྱས་དགོངས་པ་ཉིད།།
270b5 ང་ཡིས་ང་ཉིད་བགྲོས་པ་ལས།། སངས་རྒྱས་སེམས་ཅན་མ་ལུས་ཀྱི།། ང་ཡི་བཀའ་ནི་བགྲོ་ནུས་མེད།། མ་གསུངས་རྒྱ་ཆེར་བཤད་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱ་ཆེར་མ་གསུངས་དོན་དེ་ནི།། ཡུལ་ལ་ཞེན་པ་མེད་པའི་ཕྱིར།། ཤེས་པ་རང་གསལ་རིག་པ་ལ།
270b6 ཡིད་ལ་དྲན་དང་མ་དྲན་པ།། གང་གི་ཕྱོགས་ལྷུང་མེད་པའི་ཕྱིར།། མ་བསྒོམས་ཡེ་ནས་འབྲལ་བ་མེད།། གང་ཡང་ཡིན་ཕྱིར་གོལ་སྒྲིབ་མེད།། དེ་ཡི་ཡོན་ཏན་བརྗོད་མི་ལངས།། དེ་སྐད་ཅེས་ནི་གསུངས་པ་དང་།། རྡོ་རྗེ་སེམས་དཔས་དོན་གོ་ནས།། མ་རིག་སངས་པས་ཆོས་སྤུ
270b7 རྒྱས།། དེ་ཕྱིར་རྟོགས་པ་མངོན་གྱུར།། རང་བཞིན་ལྟ་བ་ག་དེང་ལྡན་པས།། འབྲས་བུའི་སངས་རྒྱས་ད་ལྟ་འབྱུང་།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སུ་གཅིག་ཏུ་འདུས་པར་བཀའ་འགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། བཀའ་བསྒོ




iiif viewer powered by OpenSeadragon

270a - 271a

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud