| | e-texts navigator
|
269b1 ཅིང་གཏན་ལ་ཕབ་ནས། མྱང་ཏིང་འཛིན་བཟང་པོས། བྲམ་ཟེའི་རྒྱུད་དྲུག་གདམས་པ་དང་བཅས་པ། བསེ་སྒོམ་སྟུག་པོར་བཅུག་ནས། དབུ་རུ་གཟོང་ཕུག་མོའི་བྲག་ལ་མཁའ་འགྲོ་མརྡོ་རྗེ་རྒྱན་གཅིག་མ་དང་། བཛྲ་སཱ་དྷུ་ལེགས་པ་རྩལ་ལ་གཏད་ནས་སྦས་པ་རྫོགས་སོ།། །
269b2 རྒྱ་གར་སྐད་དུ། སནྟི་མ་ཧཱ་བུདྡྷ་སརྦ་ས་མཱ་དྷི། དྷརྨྨ་ཀཱ་ཡ་ཨེ་ཀ་ས་མུ་དཱ་ཡ་ཀ་ཐཱ་ས་མྱ་ཏཱརྠ་རཏྣ་གུ་ཎ་ས་མུ་ད་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན
269b3 འབྱུང་གི་ཆུད་ཅེས་བྱ་བ། དཔལ་ཀུན་རིག་ཆོས་ཀྱི་སྐུ་དེ་ཁོ་ན་ཉིད་མ་ནོར་བར་རྟོགས་པའི་དོན་དང་ལྡན་པ་དེ་ལ་བརྗོད་མེད་ནན་ཏན་རིག་པའི་གྲོང་དུ་ཕྱག་འཚལ་ལོ། འདི་སྐད་བདག་གིས་གསུངས་པའི་དུས་གཅིག་ན།། རང་བྱུང་རིག་པའི་སྟོན་པ་དེ།། འོག་མེན་ཀློང་ག་གནས
269b4 མཆོག་ན།། ཉིད་ལས་མི་གཞན་རྟོགས་པའི་འཁོར།། དོན་གཅིག་བསྟན་པས་མངོན་གྱུར་ཏོ།། དེ་ཚེ་ཆོས་ཀྱི་སྙིང་པོ་དེ།། བཞེངས་པ་མེད་པའི་ངང་ལས་བཞེངས།། རང་རིག་ཡེ་ཤེས་འགྱུར་མེད་དོན།། བརྗོད་མེད་སྙིང་པོས་བཀའ་སྩལ་པ།། རང་བྱུང་བ
269b5 རྣམ་དག་འདི།། འཛིན་པའི་ཡུལ་མེད་མཐའ་ལས་གྲོལ།། བློ་ཡིས་མ་བཅོས་དོན་དང་ལྡན།། རྟོག་མེད་མཉམ་ཉིད་ཆོས་ཉིད་དོན།། དེ་སྐད་དོན་གྱི་བཀའ་སྩལ་པ།། ཇི་བཞིན་སེམས་དཔས་དོན་རིག་ནས།། རང་གི་ཡིད་ཀྱི་རྟོག་བསལ་ཕྱིར།། ཏིང་འཛིན་དང་ལ
269b6 འདི་སྐད་གསོལ།། དོན་ཆེན་སྦ་བའི་སེང་གེ་ཁྱོད།། ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང་།། བཙལ་མེད་ཐུག་མེད་བརྗོད་དུ་མེད།། དེ་དོན་བདག་ལ་བཤད་པར་མཛོད།། དེ་སྐད་ཞུས་པའི་དོན་གསན་ནས།། མཉམ་པའི་དོན་ལས་རབ་བཞེངས་ནས།། བརྗོད་མེད་དོན་དུ
269b7 བསྟན་པའི་ཕྱིར།། དོན་གྱིས་བྱིན་རླབས་བཀའ་སྩལ་པ།། བརྗོད་བྱ་ཚིག་དོན་དགོས་པ་ཡི།། ཉིད་དགོས་འབྲེལ་བཅས་དོན་ལྡན་པ།། རྒྱུད་རྣམས་ཀུན་ལ་ཚང་བ་གཅེས།། དེ་ཕྱིར་ངེས་དོན་བཤད་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་གནས་པའི་ངོ་བོ
iiif viewer powered by OpenSeadragon
269a - 270a