e-texts navigator
Collection
Volume
Page
Wylie

268b1 འགྱུར་མེད་དེ།། མཐའ་དབུས་མེད་པར་རིག་པ་གསལ།། གང་ཡང་མ་སྤངས་གནས་སུ་དག། དེ་ཉིད་རྟོགས་པ་ཆོས་ཀྱི་སྐུ།། དད་ལྡན་རྣལ་འབྱོར་བདག་ཅག་གིས།། ཆོས་སུ་རང་ཆས་དོན་རྟོགས་པས།། ངེས་པའི་ལྟ་བའི་གདེང་ལྡན་པས།། རྩོལ་ཞིང་གྲུབ་པའི་ན
268b2 དང་བལ།། རེ་དོགས་མེད་པར་ལམ་དུ་རྟོགས།། དེ་སྐད་བརྗོད་ཅིང་གསལ་བའི་དོན།། ཐུགས་ཀྱི་དགོངས་པ་བཀའ་སྩལ་པ།། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། ཤེས་རབ་བློ་ཡིས་ཁྱད་པར་འཕགས།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད
268b3 པོ་གཅིག། གཅིག་ལ་རྟོགས་ཚུལ་ཀུན་གྱི་དང་།། དོན་ལ་འགྱུར་བརྡུལ་ཙམ་མེད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁང་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་གྱིས་རྟོགས་པ་བརྗོད་པའི་ལེའུ་སྟེང་གཉིས་པའོ།། ། དེ་ནས་དུས་གསུམ་སངས་རྒྱས
268b4 རེརིག་པ་འདུས་པའི་རྒྱུད་ལས་འཁོར།། དད་ལྡན་ལ་སོགས་འཁོར་རྣམས་ཀྱིས།། རང་སེམས་རྟོགས་པ་མངོན་གྱུར་ནས།། དགའ་བའི་སེམས་ཀྱིས་ཡིད་རང་ཏེ།། ཀུན་ཏུ་བཟང་ལ་འདི་སྐད་གསོལ།། འབྲས་བུའི་སངས་རྒྱས་ད་ལྟ་ཉིད།། རང་སེམས་པ་དང་དྲུག་གིས་ཕྲད
268b5 དེ་ཕྱིར་ཆོས་སྲུ་ལྷ་ཉིད།། སེམས་དཔའ་རྡོ་རྗེ་དགེ་བ་ཆེ།། འདྲེན་མཛད་ཁྱོད་ལ་ཕྱག་འཚལ་ལོ།། དེ་སྐད་གསོལ་པའི་དོན་གོ་ནས།། རྡོ་རྗེ་སེམས་དཔས་ཡང་གསུངས་པ།། སངས་རྒྱས་ཐུགས་ཀྱིས་བྱིན་བརླབས་པས།། དགོངས་པ་མ་ལུས་བཅུང་བ་སྡུས་པའི།
268b6 མནངག་ཚོགས་མེད་ཞིང་ཁུ་འདི།། གལ་ཏེ་སྤྱི་རབས་རྣལ་འགྲོར་པས།། དོན་འདི་འཆད་ཅིང་སྟོན་སྲིད་ན།། དད་པ་རབ་ལྡན་པ་རྩོན་འགྲུས་ཆེ།། དུལ་ཞིང་གུས་པར་བླ་མ་འཁུར།། དམ་ཚིག་གཞུང་ལྡན་དབང་རྣམས་རྫོགས།། བློ་རྣོ་ཆགས་མེད་བཟོད་པ་ཆེ།། གཏ
268b7 དང་ལེན་ཆུ་དམིགས་ན། གདུང་བའི་སེམས་དང་མི་འབྲལ་ཞིང་།། ཕྱི་མ་བྱང་ཆུབ་དོན་དུ་གཉེར།། དཀའ་དགུ་བསྔོས་ནས་ཞུས་པའི་ཚེ།། དུས་གསུམ་སངས་རྒྱས་དབང་བཙུག་ལ།། གིང་ཆེན་དམ་མེད་ཤན་པར་བསྒོ།། རྒྱལ་ཆེན་བཞི་ནི་མཚམས་པར་བཙུགས།། གཞན




iiif viewer powered by OpenSeadragon

268a - 269a

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud