| | e-texts navigator
|
267a1 ། ཅད་སྐྱོབ།། བམོད་རྒྱབ་འཁོར་འཇིག་རིན་ཆེན་མང་།། སངས་རྒྱས་མར་མ་མཛད་རྣམས་ཀྱིས།། ར་རང་དགོངས་པ་ལས་ལངས་ནས།། ཀཽརིམ་བཞིན་དུ་རྟོགས་པ་བརྗོད།། ཀྱེ་མེད་དག་པ་འདི་ཉིད་ལ།། འགག་མེད་རིག་པར་ཤར་བས།། གསལ་ལ་ག་པ
267a2 བྱང་ཆུབ་རྒྱན།། མ་བསྒོམས་གོལ་མེད་ཆོས་ཀྱི་སྒྲ།། ངེས་པའི་ལུང་དང་མཐུན་པ་ཡི།། རྟོག་པའི་ཡེ་ཤེས་མ་འགགས་གསལ།། བརྗེད་མེད་རིག་པ་འདི་ཉིད་ལ།། ངོས་གཟུང་མེད་པས་རང་ཡིད་ཆེས།། མ་བཙལ་རིག་པ་བྱང་ཆུབ་སྲ།། ཀུན་གཞི་གཞི་ཆ་དེ་ཉིད་ལས།། རང་གས
267a3 ངོ་བོ་བདེ་ཆེན་ཀློད་།། ཡིད་ཆེས་དོན་ལ་འགྱུར་བ་མེད།། གསལ་དྲན་སྟོང་པ་ཆེན་པོ་ལ།། བྱིང་རྒོད་ཞེན་འདོན་སྐྱོན་བྲལ་བས།། རང་དུ་བཞག་པས་ཅི་ཡང་མེད།། དེ་ཙམ་ཉིད་ན་ལྟ་སྦོམ་གཅིག། སྣང་བ་མེད་པའི་ཡེ་ཤེས་འདི།། མྱ་རྐྱེན་མ་བྱས་དང་སེམས་དོན།། ཡིན་ལ་དང་སེམས་ཆོས་སུ
267a4 གསལ།། མ་རིག་རྟོག་པ་གདོད་ནས་སངས།། ཤེས་པ་རང་ལུགས་འདི་ཉིད་ལ།། ཅི་ཡང་མི་བསྒོམ་ད་ལྷ་ཉིད།། འདུ་ཤེས་མ་བཟུང་དོན་གསལ་བ།། ཡེ་ཤེས་ཟང་ཐལ་ཉམས་མེད་རྟགས།། དངོས་མེད་ལྟ་བ་ཤེས་ཤིང་རིག། རིག་ཙམ་ཉིད་ནས་རང་གིས་སྟོང་།། རིག་སྟོང་གསལ་སྟེ་མཟའ་དབུས་མེད།།
267a5 ཐལགས་ས། གས་དུ་མ་དུ། ཅྀ་།། གས་ག་ད། མས་། རྟུབ་པ་འདུ་དཔ། མས་སྭཱ་། ས
267a6 ། སྤང་སྲེད་གསལ་ལ་སློང་ལྡད་མེད།། རེག་པ་གསལ་བ་ཡེ་ཤེས་ཡིན།། ཕྱི་རོལ་ཡུལ་གྱི་སྣང་བ་ཡིས།། འཁོར་འདས་མི་རྟོགས་ལེབ།། གཉེན་པོས་མི་བསྒོམ་ད་ས་ཉིད།། རང་བྱུང་དེ་ཉིད་ཆོས་སྒྲ་ཡིན།། རང་ལ་གནས་པའི་དོན་རྟོགས་པས།། མ་བསྒོམས་རིག་པ་འདི་ཉིད་པ།
267a7 ནང་གསལ་གྱི་ལ་མ་ཡེངས་པས།། རྐྱེན་བཞེས་མི་ཤིགས་རྡོ་རྗེ་འདྲ།། དངོས་མེད་སེམས་ཀྱི་ཡེ་ཤེས་འདི།། གསཔ་ལ་འཛིན་པ་དུལ་ཙམ་མེད།། འཛིན་མེད་རིག་པ་འདི་ཉིད་ལ།། དེ་ལ་ཆེད་དུ་བསྒོམ་མི་དགོས།། ཆོས་ཉིད་གནས་ལུགས་ཞེས་བྱ་བ།། བྱེ་བོ་རང་སེམས་ཡིན་རྟོགས།།
iiif viewer powered by OpenSeadragon
266b - 267b