e-texts navigator
Collection
Volume
Page
Wylie

264b1 བཟོད་ལྡན་དཔེ་བཞིན་དུ།། ལུས་ཀྱིས་བཟོད་པ་ཐོབ་པ་དང་།། གཉིད་ཀྱི་རྟོག་པ་ཆོམས་པའི་ཕྱིར།། གྱི་ནང་དབུགས་ཀྱི་རྨ་སྙོམས་པས།། ལག་རྟེན་ཆོས་བརྒྱད་དཔྲལ་བ་རྣམས།། བར་དོང་མངོན་སངས་རྒྱ་བའི་རྟགས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང
264b2 ཡངས་ཀྱི་རྒྱུད་ལས། ཉམས་དང་རྟགས་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནུས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ཀྱི་དོན་གྱི་ཕྱིར།། ཡིད་ལ་དྲན་པས་འདི་སྐད་གསོལ།། འབྲས་བུ་ཡོན་ཏན་གདུལ་བྱ་ཡི།། ལྟ་བའི་དམ་ཚིག་ཉམས་པ་ག
264b3 གིས་བསྐང་།། ཅ་བ་གཅིག་པའི་བདེན་པ་གང་།། སྣང་མེད་རེག་པའི་རྟོགས་དུས་ནམ།། རྟོགས་པའི་མཛོད་ཁྲོད་ཇི་ལྟར་སྤྱོད།། ཀུན་རིག་རྡུལ་པོས་ལུང་བསྟན་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལྟ་བ་ཉམས་པརྐོ
264b4 ཐབས་ནི།། ཉེས་འགྱོད་ཡིད་ལ་བྱས་ནས་སུ།། བླ་མ་མཁས་པ་དོན་ལྡན་ལ།། དབང་རྣམས་རིམ་པར་ནོས་ནས་ནི།། རང་སེམས་དཔ་དང་རྫོག་དོན་ཞུས་ནས།། ཆུད་དུ་མི་གཏོང་གུས་པའི་ཆོས།། ལྟ་བས་སེམས་ཏོགས་མ་བརྗེད་པས།། རྒྱུན་དུ་མི་འབྲལ་སྒོམ་པའི
264b5 མཆོག། རྟགས་ནི་ཤིན་ཏུ་གསལ་བའི་ཉམས།། བརྩོན་འགྲུས་མ་ཡེངས་གུས་པའི་ཐབས།། ཤེས་རབ་གོ་བ་དད་པའི་ཐབས།། རང་སེམས་གདེང་ནི་འགྱུར་བ་མེད།། ཡུལ་ནི་མ་འགགས་ཆོས་ཀྱི་དབྱིངས།། སྤྱོད་པ་མ་འགགས་ཁོང་ཁྲིལ་མེད།། གཡོས་མེད
264b6 པའི་དམ་ཚིག་གིས།། བརྩེ་གདུང་ཆོས་བྱེད་མི་འགྱོད་པ།། རིག་པ་སོ་ཐུབ་དགོན་པའི་མཆོག། བག་ཆགས་རྗེས་མེད་ཤེས་རབ་སྟེ།། རྐན་དུ་གསལ་འདེབས་ཆོས་སྤྱོད་ཡོད།། ཐེ་ཚོམ་མི་ཟ་བསླངས་པའི་ཚད།། དེས་བསྐང་གདེང་ཆེན་ངས་བཤད་ཉོད།། རང་བཞིན་དུ
264b7 པའི་ངོ་བོ་ལ།། མིང་གི་ཐ་སྤྱད་འཛིན་མེད་པས།། ཡུལ་ལ་མི་ཞེན་རང་སར་གྲོལ།། བསམ་གཏན་བཙལ་མེད་ཉམས་ཀྱི་གདང་།། ཕན་གནོད་བྱེད་པ་གང་འཕྲད་ཀྱང་།། བྱམས་སྐང་གཉིས་ནི་སྐྱེས་པའི་ཚེ།། མཉམ་ཉིད་རིག་བས་གསལ་ཐེབས་ན།། བློ་དངོས་གཉིས་མེད་ཉམས




iiif viewer powered by OpenSeadragon

264a - 265a

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud