e-texts navigator
Collection
Volume
Page
Wylie

262b1 རང་གི་ལུས་ཚིག་ལ།། དཀྱིལ་འཁོར་བཅུ་པ་དེ་ལ་རྫོགས།། གཏོགས་རྣལ་འབྱར་ཆེན་པོ་ལ།། ཡེ་ཤེས་ཚོན་བརྗོང་གི་ལུས།། ཡེ་ཤེས་ཀུན་གྲུབ་ག་སྨན་པས།། བཀའ་ནན་ལུས་བསྲུད་དེ་ལ་ཐོགས།། ཡེནས་སངས་རྒྱས་ཡིན་པར་དོན།། རང་གི་སེམས་ཀྱིས་ཤེས
262b2 ཕྱིར།། གཉིས་མེད་དོན་དུ་སངས་རྒྱས་པས།། དགེ་བ་གྲོ་བ་དེ་ལ་རྫོགས།། ཆོས་ཀྱི་སྐུབ་མངའ་བརྙེས་པས།། ཏནཐམས་ཅད་རང་ལས་སྤེལ།། གཞན་དོན་བྱ་བ་སྨོས་ཅི་དགོས།། ཡེ་ནས་ལྡན་གྲུབ་དེ་ལ་རྫོགས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ
262b3 མཁའ་ཀློང་ཡངས་ཀྱི་རྒྱུད་ལས། དྲིན་ལས་མཛོད་སྤོད་རྫོགས་པའི་ལེའུ་སྟེ་ཞེ་གཉིས་པའོ།། ། དེ་ནས་འདུས་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་འདས་མ་རིག་རྫོགས་ཆེན་ལ།། པོ་ལ་སྤྲི་མེད་པ་ན་པ་ཡང་།། @#
262b4 གཉིས་དགྲ་ཡིས་དོན་བསྟན་པ།། ཡིད་ལ་མ་བསྡུས་གོ་ལས་མེད།། དེ་ཡ་རྡོ་རྗེ་སེམས་དཔའ་ཉོན།། ཕྱི་རོས་ཡུ་ཀྱི་ཐ་སྐད་ལ།། དམ་པར་ཞེན་པའི་རྟོག་པ་ཡིས།། ཉུང་ཚོར་ངེས་སུ་མ་འབྲངས་པས།། འཇིག་རྟེན་ཕལ་བའི་ས་འི་རྒོལ།
262b5 སེམས་ཀྱི་སྙིང་པོ་འདི།། དྲན་རྟོག་གློ་ཡི་རྣམ་པ་ཡིས།། ཡོད་མེད་ཡུལ་དུ་མ་བསྒོམས་པས།། རྟག་ཆད་མཐང་ན་དམ་གྲོ་ལ།། ལུང་རིགས་མན་ངག་ལ་བརྟེན་ནས།། ཐོས་བསྣམ་ལྟེ་བས་ཡིད་ཆེས་པས།། ཤེས་རབཟས་མོའི་དོན་ཟིན་པས།། ལུང་དུ་ཡང་སྟན
262b6 གྲོལ།། མདམིགས་པ་ལ་སྒྲོགཏད་ཅིང་།། གོ་ནམ་བཀྲིས་བསལ་བ་གྱིས།། ཞི་གནས་རོལ་མཁྱེན་པས།། སེམས་འཛིན་པསམ་གཏན་སར་མགོལ།། ཕྱི་རོལ་ཡུལ་རྗེ་སྣང་བ་ལ།། རང་གི་སེམས་དང་མ་འགྲོལ་བྱེད།། རྡོ་རྗེའི་རྣམ་ཤེས་མོ་དགང་པ
262b7 ཤེས་མེད་པར་དེ་མི་གོལ།། དང་བྱུང་རང་སྣང་འདི་ཉིད་ལ།། སེམས་ཀྱི་རྩོལ་བའི་གཉེན་པོ་ཡིས།། ནམ་ཏོག་མ་སྤངས་རང་དེ་བས།། ཉན་ཐོས་འགོག་པར་དེ་མགོལ།། ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ལ།། བརྟེན་ནས་སེམས་ཀྱི་ནུ་པ་ཡིས།། རྟོག




iiif viewer powered by OpenSeadragon

262a - 263a

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud