e-texts navigator
Collection
Volume
Page
Wylie

244a1 @#། དུ།། དང་པོ་ཤེས་བཞིན་ལུང་མ་བསྟན།། ཆོས་ཉིད་དག་པའི་རྩལ་ཡིན་ཀྱང་།། ལུང་མ་བསྟན་པས་རྒྱན་དབང་གྱུར།། མ་རག་རྟུལ་ལག་རྟག་ཅན།། ཅན་པ་ནི་དག་གིས་བསྒྲེང་ལྡར་བས།། མ་ངག་རྣམ་པ་གཉིས་སུ་ཆང་།། དྲུང་དུ་ལ་མ་ནས་ཅན
244a2 གཞིར་གྲུབ།། ད་ཡང་འདུས་པའི་སྙིང་པ་ཉོན།། ཡད་མེད་ལ་སོགས་མ་རིག་པས།། ཐོག་མ་མེད་ནས་བདེན་འཛིན་པས།། འཁོར་བ་ལུགས་འདུག་བྱེར་འབྱུང་རྟགས།། ཟག་སྦྲུལ་མཐོ་ཡོར་མི་བཞིན་དུ།། དབང་པོ་ཡུལ་ལ་རྟག་ཏུ་ཡངས།། ཐར་ལམ་མི་ཐོབ་ཀྱི་ཞིང་།
244a3 པའི་རྒྱུ་ནི་རྟོག་པ་སྟེ།། ལྟ་བས་མ་བསྒྱུར་ཡུལ་ལ་ཞེན།། ཆོས་བརྒྱད་གཟུང་འཛིན་དམ་པར་བལྟ།། སྐྱེ་ཤི་སྡུག་བསྔལ་མི་འཇིག་ཕྱིར།། བག་ཆགས་མཚན་མས་རྐྱེན་བྱས་ནས།། ཁམས་གསུམ་འཁོར་བའི་འཁོར་ལོར་འཁྱམས།། ཐར་མེད་འཁོར་བར་ཀུན་གཉིས་བྱས།། དེ་ཕྱིར་འཁོར་བ
244a4 འབའ་ཞིག་ཡིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་བ་དང་པོ་གང་ནས་བྱུང་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རག་རྒྱལ་པོས་བཀའ་སྩལ་པ།། འཁོར་བ་རྣམས་ཀྱི་རྩ་བ་ནི
244a5 ཡུལ་དང་སེམས་ནི་གཉིས་སུ་འདུས།། ཡུལ་ཀྱང་རང་སེམས་འཁྲུལ་པ་སྟེ།། སེམས་ནི་རྣམ་ཤེས་ཚོགས་བརྒྱད་ལ།། སེམས་ལས་འབྱུང་བ་ལྔ་བཅུ་གཅིག། རྩ་བ་ཀུན་གཞི་ཉིད་དུ་འདུས།། སེམས་ཅན་ཀུན་ལ་གནས་ལུགས་ནི།། ཕྱི་བལྟ་བ་དང་ནང་བལྟབ།། གཉིས་ཀར་བལྟས
244a6 པའི་ཤེས་པ་དང་།། བཅོས་དགོས་པ་དང་མི་དགོས་སུ།། རྟག་ཆད་བྲལ་དང་ངོ་བོར་གནས།། ཡང་དག་ཡོད་དང་བྱིན་རླབས་སུ།། ལན་དུ་ཕྱེ་ནས་བསྟན་པའི་དོན།། ཚོགས་བརྒྱད་སེམས་སུ་བསྟན་པ་ཡང་།། འཁོར་བའི་བག་ཆགས་བརྟས་པའི་ཕྱིར།། ངས་དོན་སྙིང་པོ་མ་ཡིན་ནོ།།
244a7 དེཡང་སེམས་དཔའི་སྙིང་པོ་ཉོན།། སྒོ་ལྔའི་རྣམ་ཤེས་ར་བོ་ནི།། ཡུལ་སྣང་ཙམ་ནས་ཤེས་པ་སྟེ།། ཡུལ་མི་སྣང་ཙམ་ཤེས་པ་འགག། ཡིད་ཀྱི་རྣམ་ཤེས་ངོའོ་ནི།། ཕྲལ་ལ་སྣ་ཚོགས་སེམས་པའི་ཕྱིར།། ཆགས་སྡང་ལོག་ཏོག་དག་ཏུ་འཛིན།། རྣམ་ཏོག་སྣ་ཚོགས་ངོ་བོར་གནས།།




iiif viewer powered by OpenSeadragon

243b - 244b

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud