e-texts navigator
Collection
Volume
Page
Wylie

242a1 རྒྱལ་ས་ཨ་བྷག། རྨཉྀད་བྱུང་ཆུབ་ད་མ་།། ། དབས་ས་ཨོཾ།། བྱང་ན་བ་སྣང་ན་མངན་སངས་རྒྱས།། མཔྱོད་འ་དམ་པར་ཤོད་པ།། རངས་མས་སྣང་པ་དང་ས་མད་ཀྱ།། ཐམས་ཅད་མབ་ག།
242a2 མངོན་སངས་རྒྱས།། དྲོད་སྙོམས་ཚ་བ་མེ་འདི་ལ།། རང་སེམས་མེ་ཡི་ག་ཞི་མེད་ཀྱང་།། ཉོན་མོངས་སྲེག་ཕྱེད་དཔེ་བསྟན་པ།། བྱང་ཆུབ་མེད་ནི་མངོན་སངས་རྒྱས།། འབྱུང་བ་ལྔ་པོ་འདི་ཉིད་ཀྱང་།། དོན་གྱི་སངས་རྒྱས་མ་ཡིན་ཀྱང་།། བཏགས་པའི་སངས་རྒྱས་ཡིན་པའི་ཕྱིར།། འདི་ལ
242a3 དགག་སྲུབ་ཅི་ཡང་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་དྲོས་མཆོད་ཀྱིལ་མེ་འབར་བ།། མཐོང་ནས་གསལ་བ་ཆུ་ཡིས་ནི།། བསྐལ་པར་དེ་ལ་གནོད་མི་ནུས།། དེ་བཞིན་མ་རིག་ཡེ་ཤེས་ཀྱིས།། ཐོག་མཐའ་རྩ་བ་མཆོད་ན།། མྱང་འདས་ཡོན་ཏན་མི་འབྱུང་ཕྱིར།། འཁོར་བ་ཟིལ་གྱིས
242a4 ཅི་ལ་ན་ན།། བྱ་ཁྱུང་རྒྱལ་པོ་རླབས་ཆེན་གྱིས།། རིན་ཆེན་ནམ་མཁར་ཐོན་པའི་ཚེ།། ཀྱེ་མཚོ་ཉིད་ཀྱང་བདུད་རྩིར་འགྱུར།། དེ་བཞིན་བླ་མའི་གདམས་ངག་གིས།། རང་བྱུང་སྙིང་པོ་རྟོགས་ཙམ་གྱིས།། སྡུག་བསྔལ་ཉིད་ཀྱང་བདེ་ཆེན་འཆང།། ཚིག་དང་ཡི་གེས་མཚོན་པ་རྣམས།། མིང་དུ་བཏགས
242a5 པའི་ཆོས་ཀུན་ནོར།། འཁྲུལ་རྐྱེན་དཔེ་ཡིས་བསྟན་པའི་ཕྱིར།། དཔེ་དོན་དབྱེ་བ་ཤིན་ཏུ་གཅེས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། མཚོན་པའི་དཔེ་དོན་མ་ཡིན་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ
242a6 ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དོན་གྱི་དབྱེབ་བཀའ་སྩལ་པ།། སངས་རྒྱས་པས་ཀྱང་སེམས་ཅན་གཉན།། སེམས་ཅན་དུས་ནས་མརྟོགས་ན།། དྲག་ལྔ་རང་གྲོལ་ཅི་ལ་འོད།། མཉམ་བཞག་པས་ཀྱང་རྗེས་ཐོབ་ག་ཅེས།། རྗེས་ཐོབ་ལྟ་བར་མ་ཤེས་ན།། ཐུན་མཚམས་བསྒོམ་པས
242a7 སངས་མི་རྩེ།། ལུས་ལ་བརྟེན་ནས་རྟོགས་པ་ཡི།། དུས་བཞིའི་གདམས་ངག་མ་ཤེས་ན།། ཡེ་ཤེས་འབྲལ་མེད་ཅི་ལ་འཆར།། ད་ཡང་སེམས་དཔའ་ཆེན་པོ་ཉོན།། སྐྱེ་ཤི་གཉིས་ཀྱི་བར་དོར་ནི།། ལུང་བསྟན་རྐྱེན་གྱི་གདམས་ངག་ཞུ།། འཁོར་འདས་གཉིས་ཀྱི་བར་དོར་ནི།། ཆོས




iiif viewer powered by OpenSeadragon

241b - 242b

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud