e-texts navigator
Collection
Volume
Page
Wylie

240b1 ང།། དུན་པ་སྟན་ན་སས། དས་ལྡནག། བན་ག་ས་ཤཱགས་པ་སན།། དོ་ག་པལ་དུ་གྱུད།། ལ་དུས་པགྶགྶས་།། ཤའདང་མན་ཟང་གང་ཅད།། མ་གས་ང
240b2 པ་ཆེན་པོ་ལྟ་ཐམས་ཅད་ཀྱི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བསྟན་པ་འབྱུང་བའི་རྒྱུ་གླེང་གཞི་བསྟེན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཞལ་གྱིས་བཞེས་ཏེ་བཀའ་སྩལ་བ།།
240b3 ལུང་མན་ངག་ཡུལ་ལ་བལྟ།། དེ་ཕྱིར་མནོར་ཆོས་སྤུ་མིན།། སེམས་ཡིན་ཟེར་ཞིང་སྣང་བར་འཆེལ།། སེམས་དང་འབྲལ་མེད་བརྗོད་བྱས་ཀྱང་།། གླང་པོ་ཕག་དང་འདྲ་བ་བཞིན།། འབྲེལ་མེད་དོན་ནི་རྟོགས་བྱའི་ཕྱིར།། དེ་ཕྱིར་ཡུལ་འདི་སེམས་འདྲ་ཡང་།། སྣང་བ་ཆོས་སླར་འབྲལ་མེད་པས
240b4 གཞི་ཉིད་རང་སེམས་རྟོགས་པར་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཐོན།། ཡུལ་གྱི་སྣང་བ་འདི་ཉིད་ལ།། མཐའ་ཡས་མིང་དུ་བཏགས་པ་ཡིན།། ཡོད་མཐོང་སྣང་གྲགས་ཆོས་རྣམས་ཀུན།། བླ་དགས་ཙམ་དུ་བཏགས་པར་ཟད། དེ་ལ་དངོས་གཞིག་ལ་ཡོད།། མེད་པ་ཉིད་ན་ཡོད་རྟོག་པ།། འཁྲུལ་པ་རྣམས
240b5 ཀྱི་ཤེས་པ་ལ།། སངས་རྒྱས་རྣམས་ཀྱིས་མི་མཁྱེན་ཕྱིར།། ཕྱི་རོལ་ཡུལ་ལ་དོན་མི་བཞག། དེ་ཀྱིང་འཁོར་འདས་འབྱུར་བ་ཀུན།། གློ་བུར་ཡིན་ཕྱིར་གནས་ལྕགས་མིན།། དེ་ཕྱིར་འདུས་པའི་སྙིང་པོ་ཉོན།། ང་ཡི་གསུང་གི་འོད་ཟེར་གྱིས།། མ་རིག་སེམས་ཀྱི་མུད་ཁྲང་དུ།། སྒྲོན་མའི་སྣང་བ་ཉི་བཞིན་འཆར།།
240b6 ཡུལ་དང་མ་འབྲེལ་ཆོས་ཀྱི་སྐུ།། རང་ལ་དང་ཐཔ་ཡེ་གནས་པས།། ལུང་ལྡན་རྐྱེན་གྱིས་རྟོགས་པ་འཐུང་།། ཀླུ་འབྲས་རྐྱེན་རྣམས་ངས་བཤད་ཉོན།། ངོ་བོ་གནས་ལུགས་ཆོས་སུ་དང་།། དེ་ལས་འཁྲུལ་པས་འཁོར་བར་འརྩམས།། ལྡོག་ཐབས་སྡོད་བརྒྱད་ལྡན་པ་ཡིས།། ངེས་པའི་དོན་མཐུན
240b7 གདམས་ངག་གིས།། ཐེ་ཚོ་མགེགས་ཆེན་བསལ་བ་དང་།། འབྲས་བུ་ལྷུན་རྫོགས་གདུལ་བྱ་བྱུང་།། དེ་ས་གསུངས་པའི་དོན་ཐོས་ཏེ།། འཁོར་རྣམས་དགའ་ཞིང་ཡི་འངས་སྟེ།། གུས་པའི་སེམས་ཀྱིས་ཆོས་ཉན་ཏོ།། རྫོགས་པ་ཆེན་པོ་ལྟ་བའི་ཡད་སྙིང་།། ནམ་མཁའི་སྤོང་ལངས་ཀྱི་རྒྱུད་ལས། གསུང




iiif viewer powered by OpenSeadragon

240a - 241a

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud