e-texts navigator
Collection
Volume
Page
Wylie

239b1 དྲུགས་ལྔ།། བྲན་། རྒྱལ་པོས་བཀའ་སྦལ་པ། ཁྱོད་ཀྱི་ཞེས་བྱ་ངས་བཤད་ཉན།། ང་ཡི་ཡེ་ཤེས་ལྡན་ཐབ་ལ།། བ་ཞག་མོས་པ་དྲང་བའི་ཅི།། ཧཱུཾ་ལམཚན་ཉིད་རྟོགས་པའོ་ཐབས།། བནའ་ཙམ་ཀྱན་ནས་ནན་ཐོལ་བའི།། ན
239b2 ཀྱི་མོས་པ་ཡིས།། ཐེག་པ་ཀུན་ལ་ཐོས་བསམ་གནས།། དབེན་པའི་དགོན་པར་གང་བསྒོམ་པ།། རང་སེམས་དམུ་རྒོད་སྟོང་ཁམས་ཡན།། མངལ་གྱིས་སྒྲིབ་གཡོགས་ཁང་སྟོང་བསྲུང་།། བཅོས་མའི་སྤྱོད་པ་སྲས་བསྒོམ་པ།། འབྲས་བུ་སངས་རྒྱས་ཐོབ་འདོད་པ།། ཞེ་འདོད་ཡོད་ཕྱིར་འཁོར
239b3 ཧཱུཾ།། སྣང་བ་སེམས་སུ་བྱས་པའི་ཕྱིར།། འབྲས་སུ་ཡེ་ཤེས་འབྱུང་མི་སྲིད།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་ཚིག་ཏུ་བཛོད་དཀའ་བ།། ཆོས་སྐུ་ནམ་མཁའ་ལྟ་བུ་དེ།། ཀུན་ལ་གནས་ཀྱང་རྟོགས་པར་དཀའ།། ཨུ་དུ་མ་ཝ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ཡང་དེ་འགའ
239b4 ག། འབྱུང་སྲིད་ཀུན་གྱི་ཐུན་མོང་མིན།། དོན་འདི་ཀུན་ལ་བཤད་ཀྱིས་ཉོན།། བླ་མརྡོ་རྗེ་སློབ་དཔོན་ལས།། ཉན་བཤད་སྒྲུབ་པའི་དབང་མནོས་ནས།། མཆེད་ལ་སྲིང་ལྟར་གདུང་བྱེད་ཅིང་།། ཐོས་བསམ་བསྒོམ་པར་འདོད་པའི་ཕྱིར།། བྱང་ཆུབ་སྲོག་དང་བསྒོ་བ་ཡི།། སྣོད་ལྡན་མ་ནོར་ཕྲད
239b5 གུར་ན།། འཚོ་བ་རང་གི་སྦྱར་ལ་ཡང་།། ལྟ་བའི་དགོངས་དོན་འདི་བསྟན་ཏེ།། མ་མཚོན་གོ་དང་མ་དཔྱད་རྟོགས།། དོན་ལྡན་མན་ངག་རིག་པའི་བློས།། མ་བསྒོམས་རྟོགས་པས་ངེས་པར་ཆོག། དེ་ཡི་འབྲས་བུད་ལྟ་ཉིད།། སངས་ཀྱིས་རྒྱལ་པོ་ཡེ་ཤེས་སྒྲ།། ཐམས་ཅད་མཁྱེ
239b6 པའི་ཡེ་ཤེས་ཏེ།། འབྲས་བུ་ཀུན་གྱི་མཆོག་ཏུ་བཤད།། རྡོ་རྗེ་སེམས་དཔའདྲ་ཡང་ཉོན།། ངོ་བོ་ཉིད་ཀྱི་ཚོས་སྤུ་ལ།། འདས་དང་མ་འདས་མི་མདའ་ཡང་།། ང་ཉིད་དངོས་སུ་མི་བཞུགས་ཚེ།། འཛམ་གླིང་དབུས་ཀྱི་ཤར་ཕྱོགས་སུ།། སྐལ་ལྡན་རིགས་ཀྱི་སྦལ་པ་གཅིག་ཕ
239b7 མེད་བྲམ་ཟེ་རིགས་སྐྱེས་ནས།། ང་ཡི་དེས་དོན་ལྟབ་འདི།། གདམས་ངག་མེ་བཆད་སྟོན་པ་འབྱུང་།། ཕྱིས་ཀྱི་རྣལ་འབྱོར་འཇུག་འདོད་པས།། ང་ཡི་སྤྱད་འདི་རྟོགས་པར་གྱིས།། འདི་ཤེས་བླ་མ་དམ་པར་བཟུང་།། དེ་བཟང་ཡོན་ཏན་བརྗོད་མི་ལངས།། ངེས་དོན་འདི་ལ་གང་མོས




iiif viewer powered by OpenSeadragon

239a - 240a

Texts on this page

Gdg001.20 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud