| | e-texts navigator
|
238b1 བར།། རང་བ་ཟོ་འ་ཆབས་འབྲས་པ་ལ།། ཡིད་ཆེས་བྱེད་ཅིང་དམ་པར་འདོན།། ལྟ་དམན་རྣམས་ཀྱི་དོ་སུང་བྱེད།། ད་ལྟ་བུ་ལ་དུས་བྱུང་བ།། དོན་བསྟན་སྲུང་ཅིག་ཉིད་ལ།། རྒྱུད་ལུངས་དས་རྒྱས་སྨག་ཅང་དངངས།། ཉན་ཐོས་མདོ་རྗེ་བསྔལ་ཅིང་འབོག། ཞྭ་དང་ལ། མེད་དུ་།
238b2 བློ་སླར་འདོགས་པའི་གང་ཟག་རྣམས།། གཏན་དུ་དམྱལ་བ་ཆེན་པོར་བྱུང་།། འདིའི་ཚེ་ཡི་བར་ཆད་དང་།། འདོགས་པ་སྣ་ཚོགས་དེ་ལ་འོད་།། མགོ་ལུས་ཚལ་པ་སྟོང་དུ་འགས།། རིག་འདིན་རྣམ་གྱིས་སྤོངས་པར་འགྱུར།། དེ་རྒྱར་ཤིན་ཏུ་གསང་བའི་དོན།། སྣོད་ལྡན་སྤོང
238b3 རྙེད་དཀོན།། དེ་སྐད་བཀའ་སྩལ་དོན་གོ་ནས།། འཁོར་རྣམས་མགྲིན་གཅིག་ཐལ་སྦྱར་ནས།། ཡིད་ཀྱིས་གདུང་བའི་དོན་གསོལ་པ།། འཁོར་བའི་གཡང་སར་ལྟུང་བ་ལ།། ཐུགས་རྗེ་ཆེན་པོས་མི་འཛིན་ནམ།། རི་དྭགས་འཛིན་པའི་རྒྱར་བླུད་ན།། རྣམ་ཏོག་ཟབ་མ་གཅོད་དམ།
238b4 ཅན་ལས་ལ་རྡུག་ཚད་ཀྱང་།། འགྲོ་དོན་སྙིང་རྗེ་མི་མཛད་དམ།། མ་རིག་མུན་པའི་སྨུག་དུམ་རུ།། དམུས་ལོང་བཞིན་དུ་རང་སེམས་འཐིབས།། ཡེ་ཤེས་ཉི་མ་མི་འཆར་རམ།། ཞེ་སྡང་མེ་ཆེན་འབར་བ་ནི།། ལས་ཀྱི་རླུང་དམར་ཆེན་པོས་བུས།། ཆོས་ཉིད་རླན་གྱིས་མི་འཇིལ
238b5 ལམ།། འདོད་ཆགས་ཆུ་ལྟར་ཐུབ་པ་ཡིས།། བསེ་རྩེ་བཞིན་དུ་ཞེན་པ་ལ།། ཡེ་ཤེས་མེ་ཡིས་མི་བསྲེག་གམ།། དོན་སྟོར་ལུས་ཀྱི་ནང་དུ་སྦྱོར།། ལམ་སྟོར་བདག་ལས་མཁན་མཛོད།། དུས་འདིར་འདུས་པ་རྣམས་ཀྱིས་ཀྱང་།། འགལ་སེམས་རྡུལ་ཙམ་མེད་པར་ནི།། དད་པས་བྱང་ཆུབ
238b6 དོན་ལ་མོས།། ངེས་ཤིང་དད་པས་ཡིད་བསྡུས་སོ།། དེ་ནས་ངོ་བོ་ཉིད་སུ་དེས།། ཡེ་ཤེས་འཁོར་ལོའི་དགོངས་པ་ལས།། ཐུགས་ནི་མངོན་པར་བཞེངས་ནས་ཀྱང་།། ཀུན་བཟང་ཆོས་སྲུའི་རྟོགས་དོན་དེ།། འདུས་པའི་འཁོར་ལ་བཀའ་སྩལ་བ།། ལེགས་སོ་དང་ལྡན་འཁོར་རྣམས
238b7 ལྷག་མཐོང་གསལ་བར་ངས་བཤད་ཀྱི།། ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང་།། གོ་ལས་ཆོད་པའི་ལྟ་བ་ཡིས།། གདེང་དུ་གོ་འགྱུར་རྣལ་འབྱོར་པས།། ཆེད་དུ་མི་བསྒོམ་དང་ཡན་ཏེ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས།། དབང་པོ་རང་ཡན་བཏང་ལས་བྱུང་།། མ་བསྒོམས་ཡེ་ཤེས
iiif viewer powered by OpenSeadragon
238a - 239a