| | e-texts navigator
|
236a1 སེམས་ཅན་བསམ་པའི་ཁྱད་པར་ལས།། ཡིད་བཞིན་དབང་པོ་གང་འཐད་སྟོན།། རྫོགས་པ་ཆེན་པོ་འཁོར་བརྩད་ནས་གཅོད་པ་ཆོས་སྔ་སྐྱེ་མེད་རིག་པའི་རྒྱུད་ལས། ཡོན་ཏན་ཅི་གདུལ་བྱ་བསྟན་པའི་འདུ་སྟེ་ཏེར་གཉིས་པའོ།། །། དེ་ནས་ཀུན
236a2 པོ་ཡིས།། འདུས་པའི་འཁོར་ནི་རྣམ་པནི་ལ།། ངེས་པའི་དགོས་ཆེད་བཀའ་སྩལ་བ།། རང་རིང་རྟོགས་པ་འདིར་སྤྲོས་ཤིག། དེ་སྐད་གསུངས་པའི་དོན་གསན་ནས།། རྣམ་པར་གཟིགས་ལ་སོགས་པ་ཡི།། སྣརོ་བྱུངས་རྒྱས་རྣམ་བདུན་གྱིས།། རང་རང་ག
236a3 བརྗོད་པ།། རིག་པ་འགག་མེད་ཆོས་ཀྱི་སྐུ།། རྟོགས་པ་བརྗོད་མེད་རང་ཡིད་ཆེས།། མ་བཙལ་རང་སར་འགྱུར་བ་མེད།། ངན་པ་སྐྱོན་དེ་ཡ་ངང་དུ་བཞག། སྣང་མེད་རང་སེམས་ཆོས་སྐུར་གསལ།། རང་ལུས་ད་ལྟ་ཉམས་པ་མེད།། དངོས་མེད་རིག་པ་སྟོང་པར་གསལ།། ལོག་པ་དད་སེ
236a4 ལ་སོགས་པའི།། ད་ལྟའི་སངས་རྒྱས་རྣམ་བདུན་གྱིས།། རང་དང་རྟོགས་པ་ཡང་གསུངས་པ།། རང་བྱུང་ཀུན་ཁྱབ་ཡེ་ཤེས་གསལ།། ས་ལ་ལོ་མི་རྟོག་ད་ལྟ་ཉིད།། ནད་གསིལ་ཡུལ་ལ་མ་ཡེངས་པ།། དངོས་མེད་གསལ་བ་བསྒོམ་མི་དགོས།། དད་ལུས་རང་སེམས་ཆོས་ཉིད་དོན།། ངོ་བོ་འགྱུར་མེད་ལ་བཅོས་པ
236a5 ཐ་མལ་སྙིང་པོ་རྟོགས་པའི་སྐུ།། བྱམས་པ་ལ་ནི་སོགས་པ་ཡི།། མགྲོན་སངས་རྒྱས་རྣམ་པ་བདུན།། རང་དང་རྟོགས་པ་ཡང་གསུངས་པ།། ཤེས་པ་འདི་ན་མེད་ཡེ་ཤེས་གྲུབ།། ཅིར་སྨང་དགག་བསྐྱབ་མེད་པར་ཟད།། སྭཱ་ཕྱི་ཡེངས་མེད་ཡེ་ཤེས་རྒྱུན།། རྣལ་དུ་རིག་པ་འགྱུར་བ་མེད།། སྐེ་མེད་རྟག
236a6 པ་བྱང་ཆུའི་སྒྲ།། བརྗོད་མེད་ཏིང་འཛིན་འབྱུང་འདྲུག་མེད།། རང་སེམས་མ་བཅོས་དོན་ལ་ཐོག། དུས་གསུམ་སངས་རྒྱས་དེ་དག་གི།། དགོངས་པ་གཅིག་ཕྱིར་ཡེ་ཤེས་ཐུགས།། རྡོ་རྗེ་ཡེངས་མེད་ལ་སོགས་པ།། རིག་འཛིན་སེམས་དཔའ་ཡང་ཡུམ་བཅུ།། རང་རང་རྟོགས་པའི་དོན་བརྗོདཔ
236a7 ཡེ་ཤེས་འཛིན་མེད་རིག་པ་སྟོང་།། རྟོག། པའི་དྲན་པ་འགྱུར་བ་མེད།། སྤྲོས་བྲལ་ལྟ་བ་ཡེངས་པ་མེད།། ཡེ་ཤེས་འཆི་མེད་ཞེ་སྡང་བྲལ།། ང་སེམས་ཅི་སྤྱོད་སྙིང་པོའི་དོན།། མ་སྐྱེས་ང་རྒྱལ་ངོ་བོ་ཉིད།། དངོས་མེད་ཡེ་ཤེས་ཞེལ་ཡོད།། འདོད་ཆགས་གོལ་མེད་ཡེ་ཤེས་རྒྱུན།། ལྟ་བ་རྩོལ་བ་མེད་པའི་ཀློང་།། གསལ་བཞིན་མེད
iiif viewer powered by OpenSeadragon
235b - 236b