e-texts navigator
Collection
Volume
Page
Wylie

235b1 ཀྱང་།། སེམས་ལ་གསལ་པོར་ཡོད་པའི་ཕྱིར།། རེག་པའི་ཡེ་ཤེས་མོས་ཉིད་མཐོང་།། དུས་གསུམ་དག་ཏུ་སྒྲ་འགགས་མེད།། མཚན་མར་མཐོང་བ་ཅི་ཡང་མྱེད།། རིན་རྗེན་འདུལ་ཁུང་སྟོར་གྱུར་ཀྱང་།། དེ་ཡི་ཡོན་ཏན་མཁའ་ལ་འབྱུང་།
235b2 དེ་བཞིན་རང་སེམས་ངོ་བོ་ཉིད།། མངལ་དུ་རང་སེམས་བྱིང་གྱུར་ཀྱང་།། རང་བྱུང་གདོད་ནས་རད་གསལ་ཕྱིར།། ཡེ་ཤེས་ཆེན་པོ་རྒྱུན་མི་ཆད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུས་ཀྱི་ནང་ན་མོས་སྐྱ་གསལ།། ནད་སྒོ་ལྷ་ཡི་འོད་ཤར་བས།།
235b3 གྲོགས་སུ་འོང་བ་རྣམས།། དེ་ཚེ་ཡུལ་དང་འབྲེལ་པ་མེད།། ཅུང་ཤེས་རེག་འཇམ་ནམ་མཁའ་ལྡིང་།། མ་མཚོ་གསེར་དང་མཆོག་རབ་བཞིན།། སེམས་ཀྱིས་གར་ཕྱིན་ཆོས་སྒྲར་གསལ།། ཡུལ་གྱི་གཟུང་འཛིན་སྔོན་མི་གོས།། རེག་པ་ཟོ་ཐུབ་བཞི་ཟོན
235b4 ལྡན།། འཁོར་བར་གནས་ཀྱང་གོ་ལུས་མེད།། དེ་ཕྱིར་ཆོས་ཉིད་མི་འགྱུར་བརྟན།། དེ་ལྟར་དོན་ལྔ་ཡེ་གནས་ཕྱིར།། འབྲས་བུ་རིག་པ་དེ་ལྟ་ཉིད།། དེ་ཉིད་མ་བརྗེད་ཀུན་གསལན།། མི་གནས་མྱ་ངན་འདས་ཞེས་བྱ།། རྫོགས་པ་ཆེན་པོ་འཁོར་བཅད
235b5 ནས་གཅོད་པ། ཆོས་སྒྱུ་སྟེ་མེད་རིག་པའི་རྒྱུད་ལས། སྣད་མེད་སེམས་ཀྱི་རིག་པ་རྟོགས་དུས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ང་ཡི་མཛད་སྤྱོད་ཆེན་པོ་ནི།། སྒྲ་མེད་གཟུགས་སྐུར་འབྱུང་བ་ནི།། ཐམས
235b6 ཅད་ཟིལ་གྱིས་གནོན་པར་བྱེད།། ཚིག་མེད་རིག་པའི་གསུང་གིས་ནི།། སངས་རྒྱས་བསྟན་པ་རྒྱས་པར་བྱེད།། རྣམ་པར་རྟོག་མེད་ཡེ་ཤེས་ཐུགས།། ཅིར་ཡངས་ལྕེ་ཐམས་ཅད་མཁྱེན།། སྟོང་གསུམ་འཇིག་རྟེན་གསུམ་པོ་ཡང་།། ར་ཡི་བཟུགས
235b7 གནས་གཟིགས་མོར་ངོས།། སྨུག་ཀྱང་ཐུགས་ཀྱི་རོལ་པ་སྟེ།། རེ་རེ་ལ་ནི་གསུམགས་མ་དང་།། དབྱེ་བ་རྣམ་པ་དགྲ་ཡིས་ནི།། ད་ལྷ་ཆོས་སྒྲ་ལ་མིག་ཅན།། ལུས་དང་བྲལ་བའི་སྐད་ཅིག་ལ།། སངས་རྒྱས་རྒྱལ་པོ་ཡེ་ཤེས་སྐུ།། གཟུགས་སྔ་རྣམ་གཉིས་ཤུགས་ལ་འཆ




iiif viewer powered by OpenSeadragon

235a - 236a

Texts on this page

Gdg001.19 - rdzogs pa chen po 'khor ba rtsad nas gcod pa chos sku skye med rig pa'i rgyud