e-texts navigator
Collection
Volume
Page
Wylie

235a1 @#། རྟོགས་པ་གསུམ་དུ་འདུས།། གང་ཡང་ཡིད་ལ་མ་བྱས་ན།། གོལ་མེད་ཆོས་སྤུ་ཐུགས་ལ་གནས།། ང་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་དོན་གྱི་ཉི་ཁྲུའི་དོན།། ཡེ་ནས་ཆོས་སྒྲ་དཔྲལ་མེད་དོན།། ཉམས་ཀྱི་རིམ་པ་ལྔ་ལྡན་པས།། རྟགས་ཆེན་གསུམ་ཉི
235a2 ཤུགས་ལས་འབྱུང་།། དེ་ཚེ་བདུད་ཀྱི་སྤྱོད་ཡུལ་ནི།། བཞི་གསུམ་དྲུག་འབྱུང་ཟིལ་གནོན་ན།། ངེས་པདོན་གྱི་རྟགས་ཡིན་པས།། དེ་ཕྱིར་བར་དོར་སངས་ཀྱིས་འགྲུབ།། རྫོགས་པ་ཆེན་པོ་འཁོར་བརྩད་ནས་གཅོད་པ་ཆོས་སུ་སྐྱེ་མེད་རིག་པའི་རྒྱུད་ལས། གླེགས་སེལ་བའི་ཡོན་ཏན་བསྟན་པའི
235a3 སྟེ་བཅུ་དགྲ་པའོ།། །། སེམས་དཔའ་ཆེན་པོས་ཡང་གསོལ་པ།། འབྲས་བུ་ཡོན་ཏན་གདུལ་བྱ་ནི།། ལྟད་མ་ཉམས་བསྐོང་ཐབས་དང་།། རྩ་བ་གཅིག་པའི་བདེན་རྟོགས་ན།། སངས་རྒྱས་མཛད་སྤྱོད་ཇི་ལྟར་སྤྱད།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།།
235a4 འཁོར་རྣམས་ལ་ནི་བཀའ་སྩལ་པ།། ལྟ་སྤྱོད་ལ་སོགས་ཉམས་བསྐད་པ།། ཉེས་འགྱོད་ཡིད་ལ་བྱས་ནས་སུ།། བླ་མ་མཁས་པའི་དོན་ལྡན་ནས།། དབང་རྣམས་རིམ་པར་མནོས་ནས་ནི།། དང་སེམས་དབང་བཙུག་དོན་ཞུས་ནས།། རྒྱུན་དུ་མི་གཏོང་གུས་པས་མཆོད།། དེ་ལ་རྟག་ཏུ་གནས་པར
235a5 བྱ།། དེ་བསྐང་གདེང་ཆེན་བདུན་ལྡན་པས།། ད་ལྟ་ཉིད་དུ་སངས་རྒྱས་ཐུགས།། གསེར་སྐལ་མིག་གིས་འདོད་ཡོན་ལྔ།། དུས་གཅིག་ཉམས་སུ་མྱོང་བ་བཞིན།། ཅི་སྤྱོད་སངས་རྒྱས་ཡེ་ཤེས་ཐུགས།། སེམས་ཅན་འགྲོ་དོན་བཙལ་མི་དགོས།། མི་ལུས་ལྡན་པ་དེ་ཉིད་ལ།། ལྷ་མིས
235a6 ཕྱག་འཚལ་མཆོད་པར་འགྱུར།། རྫོགས་པ་ཆེན་པོ་འཁོར་བརྩད་ནས་གཅོད་པ་ཆོས་སྐུ་སྐྱོ་མེད་རིག་པའི་རྒྱུད་ལས། ལྷ་སྤྱོད་ཉམས་པ་བསྐང་བའི་ཚད་བསྟན་པའི་ལེའུ་སྟེ་ཏི་ཤུ་པའོ།། །། ད་ཡང་འདུས་པའི་འཁོར་རྣམས་ཉོན།། འཁོར་འདས་འབྱུང་བའི་རྩ་བ་ནི།། ཕ་མ
235a7 མེད་པའི་བུ་བཞི་ཡིན།། དེ་ཡང་གདོད་ནས་གཅིག་ལས་གཉིས།། གསུམ་ལས་འབྲེལ་ཡོད་གཅིག་ལ་མེད།། རྩ་བ་བཞི་ཡི་དོན་ཤེས་པས།། སྐལ་ལྡན་རྣམས་ཀྱིས་རང་རིག་པ།། བདེན་མཐོང་སྣང་མེད་རྟོགས་དུས་འདིར།། ཚིག་ཏུ་བརྗོད་པར་མི་ནུས




iiif viewer powered by OpenSeadragon

234b - 235b

Texts on this page

Gdg001.19 - rdzogs pa chen po 'khor ba rtsad nas gcod pa chos sku skye med rig pa'i rgyud