| | e-texts navigator
|
234a1 །། བླ་མེད་གོ་འཡང་མཆོག་བརྙེས་པའི།། བླ་མ་དུས་གསུམསངས་རྒྱས་དཔལ།། དཀྱིལ་འཁོར་སྒོ་ཐུགས་འབྲལ་མེད་ལྷ།། མན་ངག་རྒྱུད་དོན་རང་རིག་ས།། ཆོལ་མེད་རྣལ་འབྱོར་མཁའ་འགྲོ་བ།། ལུས་དག་ཡིད་ཀྱིས་ཕྱག་འཚལ་ཏེ།། དགོངས་བདོན་གྱིས་བརླངས་པའི་ཕྱིར།། 6
234a2 དུ་རྩོལ་བ་མི་དགོས་ཏེ།། ཕྱི་ཡི་མཆོད་ག་ཏོར་གཏོང་བའི་ཚེ།། བྱིན་བརླབ་དྲུག་དང་སྨོན་ལམ་བཏབ།། ཉན་བཤད་ལ་ཏོན་ལ་སོགས་རྣམས།། དཀར་པོའི་ཆོས་སྤྱོད་གང་བྱེད་ཀྱང་།། བལྟ་བ་དྲན་པས་ཚོགས་སུ་འགྱུར།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནང་གི་མཛད་སྤྱོད་ཚོགས་ཆེན་ནི།། ཡིད་འ
234a3 པ་ཡི་གནས་དག་ཏུ།། དམ་ཚིག་སེལ་མེད་ཚོགས་འཁོད་དེ།། སྔོན་འགྲོ་བས་དྲུག་རྫོགས་བྱས་ནས།། དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་ཏེ།། བྱིན་གྱིས་བརླབས་ལ་ཚོགས་དྲངས་ནས།། མཆོད་པ་རྣམ་གསུམ་རྫོགས་པར་འབུལ།། ལྷ་གཤེགས་ལྷག་མ་ངོལ་པ་དང་།། སྐུ་གི་དུས
234a4 སྨོན་ལམ་ཡང་།། ལྟ་བའི་དང་དུ་རྫོགས་པར་བྱ།། དེ་ཕྱིར་ཚོགས་གཉིས་དུས་གཅིག་རྫོགས།། དེ་ཡི་ཡོན་ཏན་བརྗོད་མི་ལང་།། རྟོགས་པ་ཆེན་པོ་འཁོར་བརྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །
234a5 རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཐེ་ཚོམ་གེགས་རྣམས་བསལ་བའི་ཕྱིར།། གདམས་ངག་དོན་རྣམས་དབྱེ་བ་དང་།། འཁྲུལ་པ་བཟློག་པའི་རྟགས་གཉིས་གང་།། ཐཱིགཱ་ལེ་ལ་ཤན་གེགས་བསལ་བའི།། ཡོན་ཏན་དོན་ལ་ཇི་ལྟར་རྫོགས།། ཀུན་དགཱ་རྒྱལ་པོས་བཤད་དུ་གསོལ།། ཝས?
234a6 པའི་དེ་ནགས་ན་བཀའ་སྩལ་པ།། ལྷ་སྒོམ་སྤྱོད་པ་འབྲས་བུ་ཡི།། གདམས་ངག་དབྱེ་ཉི་ཤུ་བཞི།། ངོ་བོ་ལ་སོགས་དྲུག་དྲུག་ཏུ།། དབྱེ་བ་གཅག་ཏུ་རྟོགས་པའི་ཚེ།། མི་ཡི་ལུས་ལ་སངས་རྒྱས་ཐུགས།། དེ་ཡི་ཡོན་ཏན་བསམ་མི་ཁྱབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དང་པོ་འཁྲུལ་པའི་གཞི།
234a7 ཤེས་ཀྱི།། མརི་ག་ང་འཛིན་ཁྲུལ་ང་སྟེ།། མ་སྤངས་རངས་གྲོལ་བའི་ཕྱིར།། འཁྲུ་ལྡོག་རྟགས་བརྒྱད་ལྡན་པ་པ།། དེའི་པའི་སངས་རྒྱས་རྩོལ་མེད་འགྲུབ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཕྱི་རོལ་ཡང་དག་རྣམ་པ་བནི།། གསང་སྔགས་གསང་ཆེན་གྱི་ནང་ལྔས།། ཡུད་ཉིད་སེམས་སུ་འཛིན་པ་དེ།།
iiif viewer powered by OpenSeadragon
233b - 234b