| | e-texts navigator
|
233a1 ། རྣལ་འབྱོར་ཆོས་དབྱིངས་ལ།། འཁྲུལ་པའི་ཏོག་པས་གཞི་མི་འགྱུར།། རྩོལ་བའི་སེམས་ལས་དབྱིངས་མི་བསྐྱོད།། རྫོགས་པ་ཆེན་པོ་འཁོར་བརྒྱད་ནུས་གཅོད་པ་ཆོས་སུ་སུ་མེད་དྲུག་པའི་རྒྱུད་ལས། ངེས་པ་དོན་གྱི་ལཱ་བ་བསྟན་པའི་འདྲ་སྟེ་བདུ་གཉིས་ཀྱིའོ།
233a2 ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་སེམས་ཆོས་སྐུ་དེ་སྤྲད་ན།། ལུས་ཅན་ཀུན་གཞོ་གཞི་ཆ་ལ།། སྔ་ཕྱི་མ་བྲལ་ཡེ་ཤེས་གསལ།། ཆུ་དངས་རྙོག་མེད་ཇི་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ཟང་མོ་ཆོས་སྒྲ་ནི།། སྐྱེ་བ་མེད་ཅིང་འགག་པ་མེད།
233a3 རྟོག་མཚན་མ་གཞི་ནས་དག། ཉོན་མོངས་དང་འཛིན་རྣམས་དང་བྲལ།། འཕེལ་འགྲིབ་སྐྱོན་རྣམས་ངང་གིས་མེད།། དེ་ཡི་དང་ལ་གནས་ཐབས་ནི།། ཐ་མ་འབྲིང་གི་རྣལ་འབྱོར་པས།། སྟོང་པ་གསལ་བ་མ་ཡེངས་བསྒོམས།། གལ་ཏེ་ཕྱིད་རྒོད་སྐྱོན་བྱུང་ན།། གདམས་དག་བཅོས་པའི
233a4 ཐབས་གཉིས་ཀྱིས།། དགཀ་བསྲུབ་མེད་པའི་རང་བཞིན་ལ།། གཟེངས་བསྟོད་དབང་པོ་ཡིན་དུ་གཟུག། མེ་ལ་ཞིང་བསྣན་རིན་ཆེན་གཏེར།། རྣམ་ཐོག་ཡེ་ཤེས་སྲུལ་མུར་ཤེས།། དེ་ཙམ་ཉིད་ནས་ཆོས་ཉིད་གསལ།། དབང་པོར་བ་ཀྱི་ལྷ་སྒོམ་ལ།། བཅོས་དང་མི་བཅོས་མེད་པའི
233a5 ཕྱིར།། སྤྲིན་མེད་ནམ་མཁའ་ཇི་ནི་ནན་དུ།། རྟོགས་པའི་གདེང་དང་འབྲལ་བ་མེད།། དེ་ཡང་བློ་གྲོས་དམ་པ་ཉོན།། ཉི་ཟླ་གཟས་ཟིན་མཉམ་པ་བཞིན།། དབྱིང་ས་དང་ཆོས་སྲུ་དུས་མཉམ་ཅིར།། སྣོད་ལམ་རྣམ་པ་བཞི་ལྡན་པས།། འབྲལ་མེད་ཡེ་ཤེས་རྫོགས་པ་ཡིན།། རྫོགས་པ
233a6 ཆེན་པོ་འཁོར་བརྩད་ནས་གཅོད་པ་ཆོས་སུ་སྒོ་མེད་རིག་པའི་རྒྱུད་ལས། མ་བསྒོམ་མང་བྲའ་མེད་མངོན་དུ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་གྱི་རྐྱེན་བྱས་རྟོགས་བྱུང་ཚེ།། ལས་དང་དུས་བཞི་དོན་གསལ་བ།། ཡེ་ཤེས་མ་བསྒོམས་འབྲལ་བ་མེད།།
233a7 བ་མོ་ལ་ནི་ཉི་ཤར་འདྲ།། ཡུལ་ཉིད་སེམས་སུ་མེ་བསྒོམ་པས།། དྲན་རིག་ཆོས་ཉིད་བྱང་ཆུབ་སེམས།། དགག་བསྒྲུབ་མེད་པའི་རང་བཞིན་ལས།། དེ་ཉིད་སྤྱད་པའི་ཡུལ་ལས་འདས།། དེ་ཕྱིར་དེ་ན་ལས་ཉམས་པ་མེད།། རང་སེམས་དབྱིངས་འགགས་དུམ་གནས་ཚེ།། རྐྱེན་བྱུང་དུས་བཞིར་དོན་དུ།
iiif viewer powered by OpenSeadragon
232b - 233b