e-texts navigator
Collection
Volume
Page
Wylie

232b1 ཆེན་པོ་འཁོར་བ་ཏུད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། འཁྲུལ་པ་ལྡོག་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། འཁོར་གྱི་སྙིང་པོས་ཡང་གསོལ་པ།། ངེས་པའི་དོན་དང་མཐུན་པ་ཡི།། ཕྱི་ནང་དུས་མཉམ་པ་བ་གྲང་།། ཆོས་པྲཱ་ཉམས་སུ་བླང་ཐབ་པ་དང་།།
232b2 རིགས་གསང་མཐུན་འཇུག་ལ་བཟླ་བའི།། ངེས་དོན་སྤྱད་པ་ཇི་ལྟར་སྤྱད།། མཉམ་པའི་རྒྱལ་པོས་བསྟན་དུ་གསོལ།། དེ་སྐད་ནུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་དཀའ་སྩལ་པ།། ང་ཡི་ཆོས་ཉིད་གནས་ལུགས་ནི།། དོན་གྱི་སྙིང་པོར་དབྱུང་ལ།། ངགནགས
232b3 མེད་ཀྱིར།། འཁོར་འདས་འབྱུང་བ་གདོད་ནས་མེད།། ཀྱེ་རྐྱེན་མ་བསྐྱེད་ལ་སོགས་པའི།། རང་གི་ངོ་བོ་བཞི་ལྡན་པ།། སྙིང་པོ་ཉིད་བསླབ་མཐར་ཕྱིན།། སྐྱེ་འཆི་མེད་པ་རང་བྱུང་སླ།། དེ་ཕྱིར་འཁོར་འདས་ལྷུང་དོགས་མེད།། རང་གསལ་ངོའི་ཀུན་གྱི་གཞི།། རང་སེམས་རྫིང་པོ
232b4 ནམ་མ་ཁའི་རྡོ་རྗེ་ཡིད་པེ།། སྒྲི་བ་མེད་ཕྱིར་ཨ་དང་འདྲ།། དོན་མ་ཡིན་ཕྱིར་དཔེར་ནི་བསྟུན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངོ་བོ་ཉིད་ཀྱིས་ཆོས་སྤྲུལ།། ཡོད་དང་མེད་པའི་རིགས་གཉིས་ཡོད།། ཚོགས་བརྒྱད་ཡུལ་ལས་ལྡོག་པའི་ཕྱིར།། ཡཾ་ཤེས་བ་ང་བྱུང་སུ།། ཆོས་ཉིད་དག་པ
232b5 ཉིད་ནི།། ཕྱིརུ་འདྲ་མིན་ལ་སོགས་པའི།། རང་གི་མཚན་ཉིད་ལྔ་འདྲའི་ཕྱིར།། སྔོན་གྱིས་མགོས་ཆོས་ཀྱི་སྲ།། གང་ཡང་རུང་བཅི་ལ་ཡང་།། སེམས་ཅན་འདུལ་ཕྱིར་མ་གཏོགས་པ།། ཡང་དག་དོན་དུ་མི་བྱའི་ཕྱིར།། དགག་བསྲུ་བ་མེད་པར་བཏུང་སྒོམས་པ་དག། དེ་ཡང་འདུས་པའི་ལྗོ།
232b6 རོལ་ཡུལ་གྱི་རང་བཞིན་ནི།། རྣམ་བཞི་གྱི་ལ་བར་སྣང་ནང་།། གསུམ་བྲལ་སྣང་བ་ཆོས་དབྱིངས་ལ།། གཅིག་པ་ཐ་དད་ངོས་ཟིན་པས།། ཉི་མཐེར་དང་འཆར་རོས་ཟིན།། དགག་བསྒྲུབ་མེད་ཕྱིར་ཆོས་ཀྱི་དབྱིངས།། དྲེད་མོ་གདོས་ཟག་ཆོད་པ་བཞིན།། འབྲེལ་པ་ཡོད་མེད་རྣམ་པ་བཞིས།།
232b7 ལོག་རྟོགས་ཞེན་པ་ལྔ་ལོག་ནས།། ཉམ་ང་མེད་པའི་བརྟུལ་ཤུགས་འབྱུང་།། དཔེར་ན་ཁྱུང་ཆེན་མཁའ་ལྡིངས་པའི།། འཕུར་རླབས་འོག་ཏུ་ཀུན་ཆུད་ལྟར།། ཕྱི་རོལ་ཡུལ་གྱི་རྣམ་པ་ནི།། སྣ་ཚོགས་མདུན་དུ་བཞག་པ་བཞིན།། སྣང་ཙམ་ཉིད་ནས་སྤང་སྡུད་མེད།། ཞེན་མེད




iiif viewer powered by OpenSeadragon

232a - 233a

Texts on this page

Gdg001.19 - rdzogs pa chen po 'khor ba rtsad nas gcod pa chos sku skye med rig pa'i rgyud