| | e-texts navigator
|
232a1 #གཞི་གནས་བག་ཆགས་རྣམ་པ་བཞི།། ལྟུང་རྐྱེན་འཕྲལ་འབྱུང་བག་ཆག་སཱ་ལྔས།། རང་དབང་མེད་པར་མངལ་དུ་འཇུག། དེ་རྒྱུ་ཉོན་མོངས་རྣམ་གསུམ་གྱིས།། ཀུན་གཞི་རྣམ་གསུམ་སྡུག་བསྔལ་འབྱུང་།། ཐར་ལམ་མི་ཐོབ་ཀྱེ་ཞིང་འཆི།། དཔང་འདུས་པའི་སྙིང་པོ
232a2 ཉིན།། སེམས་ཅན་ཀུན་ལ་གནས་པ་ཡི།། ཀུན་གཞི་ཁོར་བ་ག་ནི་ཡིན་ཡང་།། ཆོས་ཀྱི་སྐུ་ཡི་ཉིད་ཡིན།། དེ་ཕྱིར་ཀུནག་ནི་འདུས་བྱས་པ།། བྱིན་ཀྱི་དབང་གིས་འགྲོ་བ་སྟེ།། ཆུ་བ་བཞི་པ་མཐེའ་ལ་ཆུད།། མ་བསྒྲལ་བར་དུ་ཐར་མི་སྲིད།། རྫོགས་པཆེན་པོ་ལ་ང་རྒྱད་དན་སུ་གཅོད་པ།
232a3 སྐུ་སྐྱེ་མེད་རིག་པའི་རྒྱུད་ལུས་འཁོར་བ་ད་ལྟ་ག་དན་གནས་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། འཁྲུལ་པ་ལྡོག་པའི་ཟབས་ཆེན་ནི།། དད་པ་བརྩོན་འགྲུས་དམ་ཚིག་དང་།། རང་བྱུང་ཡེ་ཤེས་དབྱེ་བ་ཡི་པ།། ཐ་མ་འཁོར་བ་གང་དུ་འགྲོ།། ཀུན་རི།
232a4 རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། མ་རིག་འཁྲུལ་པ་ལྡོག་འདོད་རྣམས།། འཁོར་འདས་གཉིས་ཀྱིས་མི་རེག་དོན།། རང་སེམས་སྙིང་པོ་རྟོགས་པའི་ཐབས།། ལུས་སྲོག་ནི་བལྟད་དཔ་ཡིས།། སྐྲག་ཅིང་ཡང་མེད་སེམས་ཀྱིས།། ཐེ་ཚོམ་ཡིད་གཉིས
232a5 མེད་པར་ནི།། འཁོར་འདས་རྩ་བ་ངོ་བོར་ཞུས།། དཔའ་བརྟུལ་ཆེན་པོའི་བརྩོན་འགྲུས་ཀྱིས།། ཕྱིར་མི་ལྡོག་པར་ཡིད་ཆེས་ནས།། ཡེངས་པ་མི་འབྱུང་རྒྱུན་མི་ཆད།། དེ་ཡང་འདུས་པའི་སྙིང་པོ་ཉིན།། སེམས་ལས་མ་རྟོགས་དོན་མི་བཙལ།། དུག་ལྔ་མ་སྤངས་ཆོས་ཉིད་ཤེས།། དེ
232a6 ཤེས་མི་བསྒོམ་གོལས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་ཡིན་མིན་གྱིས།། དབྱེད་རྣམ་པ་བཞི་པི་དོན།། ལུང་ལྡན་བླ་མའི་གདམས་ངག་གིས།། རང་སེམས་སྙིང་པོ་ཆོས་སྒྲ་ནི།། བསྟན་ན་དེ་མ་ཐག་ཏུ་ཤེས།། མ་བསྟན་པར་དུ་ཤེས་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།།
232a7 རང་རིག་ཡེ་ཤེས་འོད་པོ་ཆེ།། འགྲོ་འོང་མེད་པར་འཁོར་བ་བརླག། མ་རིག་ལོག་པས་ཡེ་ཤེས་སྐྱེ།། འཁོར་བ་རུ་བཟློག་མྱ་ངན་འདས།། དེ་ཤེས་མ་བསྒོམས་ལྷུན་གྱིས་གྲུབ།། དོན་དང་མཐུན་པའི་ཉམས་མྱོང་གིས།། བསྒོམས་ཀྱང་དེ་ཉིད་ངེས་ཤེས་སྐྱེ།། དེ་ཕྱིར་རྟོགས་པ་རབ་ཏུ་གཅེས།། རྫོགས་པ
iiif viewer powered by OpenSeadragon
231b - 232b