| | e-texts navigator
|
230b1 གནས་ལུགས་ལས།། ཚོགས་བཏུད་འཁོར་བ་གང་ནས་བྱུང་།། མུ་སྟེགས་ཕྱི་རོལ་ཡང་དག་དང་།། གསང་སྔགས་གསང་ཆེན་ཇི་ལྟར་འཁྲུལ།། གྲེན་བསྒོམ་སྤྱོད་པའི་ཉེས་པ་གང་།། ལུས་སྒྲིབ་འཁོར་བ་གདན་གནས།། ཀུན་རིགརྣས་པ
230b2 བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། ང་ལས་འཁྲུལ་བ་བྱུང་བ་ནི།། ཐོག་མའི་དུས་ཀྱི་མཐའ་དྲུག་གཉིས།། ཀུན་གཞིའི་རྣམ་ཤེས་ཚོགས་བརྒྱད་ཀྱང་།། རང་སེམས་ཡིན་ཏེ་ཆོས་སྐྲ་མིན།། ཡང་ལྡན་མང་འཁྲུལ་འཁོར་དང
230b3 དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མ་འཆར་ཀའི་མདངས་བཞིན་དུ།། དང་པོ་ཤིས་བཞིན་ལུང་མ་བསྟན།། ཆོས་ཉིད་བདག་གི་རྩལ་ཡིན་ཀྱང་།། ལུང་མ་བསྟན་ཕྱིར་རྐྱེན་དབང་གྱུར།། འཁོར་འདྲས་འབྱུང་བའི་དྲང་པོར་ནི།། འཁྲུལ་པའི་གཞི་ལ
230b4 སོགས་པ་ཡིས།། མ་རིག་ལས་འཁྲུལ་རྣམ་པ་བརྒྱད།། རྐྱེན་བཞིས་གཟུང་འཛིན་ཐོས་བཏགས་པས།། རྒྱུ་རྐྱེན་ཟུང་དུ་འཛམ་པ་ཡིས།། རང་བྱུང་རིག་པའི་བོ་ངས།། དམུས་ལོང་ལྟ་བུར་རང་བསྒྲིབ་པས།། མི་ཤེས་འཁྲུལ་པས་འཁོ་རབང
230b5 འཁྱམས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྒོ་ལྔ་ལ་སོགས་ཚོགས་བརྒྱད་ཀྱིས།། རྟོག་པས་བྱེ་བྲག་འཛིན་སྐྱོང་བཞིན།། འཁོར་བའི་བག་ཆགས་བརྟས་པར་བྱེད།། དེ་ཕྱིར་རྣམ་ཤེས་ཚོགས་བརྒྱད་དག། ཡང་དག་མ་ཡིན་འཁོར་བའི་ཆོས།
230b6 གནས་འགྱུར་ཆོས་སུ་བསྟན་པ་ཡང་།། བཀྲི་དང་ལྡེམ་དགོངས་བསྟན་པར་ཟད།། དེ་ཕྱིར་ཀུན་གཞིས་འདུས་བྱས་ཏེ།། གཉེན་པོ་གཞི་ཡིས་འཇིག་པ་དང་།། བག་ཆགས་ཆགས་པའི་རྟེན་བྱེད་པས།། ཡང་དག་མ་ཡིན་འཁོར་བཱ་བྱུང་།། རྫོགས་པ
230b7 ཆེན་པོ་འཁོར་བརྩད་ནས་གཅོད་པ། ཆོས་ཀྱུ་སྐྱེ་མེད་རིག་པའི་རྒྱུད་ལས། འཁོར་བ་དང་པོ་གང་ནས་བྱུང་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ལྷ་ལོག་མུ་སྟེགས་རྣམ་གཉིས་དང་།། ཕྱི་རོལ་ཡང་དག་གསང
iiif viewer powered by OpenSeadragon
230a - 231a