| | e-texts navigator
|
229b1 ལྤགས་གང་།། ། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ནུས་པའི་དོན་གསན་ནས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དཔེ་དོན་ཁྱད་པར་བཀའ་སྩལ་པཱ། ཤུ་ཛྲ.ཱ་ག་པ་བུ་སེམས་ཀྱིས་ཀུན།། དབྱུང་བ་ལྔ་ལ་ཛུད།
229b2 མེད།། དེ་ཕྱིར་འབྱུང་ལྔ་བྱང་ཆུབ་སེམས།། ཕྱོགས་འགའ་འདྲ་བ་དབ་རུ་བསྟན།། རྒྱ་མཚོའི་དཀྱིལ་ནས་མེ་འབར་བ།། གཅིག་གིས་གཅིག་ལ་གནོད་མི་རུས།། དེ་བཞིན་མ་རིག་ཡེ་ཤེས་ཀྱི།། ཐོག་མཐའ་རྩབ་མཆོད་ན།། མུང་འདས་པོ
229b3 ན་མི་འབྱུང་ཕྱིར།། འཁོར་བ་ཟིལ་གྱིས་ཅི་ལ་ནོན།། དཔེར་ན་ཁྱུང་ཆེན་རིན་ཆེན་གྱིས།། མཚོ་ཉིད་བདུད་རྩིར་གྱུར་པ་ལྟར།། སངས་རྒྱས་པས་ཀྱང་སེམས་ཅན་གཉེན།། སེམས་ཅན་དུས་ན་མ་རྟོགས་ན།། དུག་ལྔ་རང་ཀྲོལ་ཅི་ལ་འོང་།
229b4 ཉམ་བཞིག་པས་ཀྱང་རྗེས་ཐོབ་གཙོ།། རྗེས་ཐོབ་ལྟ་བར་མ་ཤེས་ན།། ཐུན་མཚམས་བསྒོམ་པས་སངས་མི་རྒྱ།། ལུང་ལ་བརྟེན་ནས་རྟོགས་པ་ཡིས།། དུས་བཞིའི་གདམས་དག་མ་ཤེས་ན།། ཡེ་ཤེས་འབྲེལ་མེད་ཅི་ལ་འཆར།། དེ་ཕྱིར
229b5 ལུང་ལྡན་གདམས་ངག་གིས།། བར་དོ་ལྔ་ཡི་དོན་རྟོགས་པས།། སངས་རྒྱས་རྒྱལ་པོ་ཡེ་ཤེས་སྐུ།། འདི་དོན་རྟོགས་པས་འཛིན་རྟོག་ནུབ།། ལུང་དོན་རྟོགས་པས་རྟོག་པ་བྲོས།། འཁོར་འདས་འབྱུང་བ་རྣམ་དག་བཅོམ།། སྤང་སྡུད་གཉིས་པོ་ཚོ
229b6 བཟུང་།། རྟག་ཆད་ཞེན་པ་རྡུལ་དུ་བརྡེག། མཐོ་རིས་ངན་སྲོང་རྫུན་དུ་སོང་།། ཆགས་སྦེང་སྐྱེས་ཤིང་ཏིང་འཛིན་གསལ།། གཡེང་བ་ཆེན་བདེ་ཆེན་རྒྱས།། ད་ཡང་འདུས་པའི་སྙིང་པོ་ཉིན།། ཤེས་རབ་ལྟ་བ་འདི་མེད་ནི།། འགྲོ་དོན་ས
229b7 ཅི་སྤྱད་ཀྱང་།། བྱས་པ་དོན་མེད་བདུད་ཀྱི་ལས།། ཚོགས་སུ་མི་འགྱུར་ཚེ་ཆད་གནས།། དེ་ཕྱིར་རྟོགས་པ་ཤིན་ཏུ་གཅེས།། རྫོགས་པ་ཆེན་པོ་འཁོར་བརྩད་ནས་གཅོད་པ།། ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། དཔེ་དོན་ཁྱད་པ
iiif viewer powered by OpenSeadragon
229a - 230a