e-texts navigator
Collection
Volume
Page
Wylie

227b1 ངག་གསང་ཆུད་འདྲ་གྲོན་མ།། ལས་ཅན་སློབ་མ་དང་ལྡན་ལ།། གཞན་ལ་མི་སྟེར་མནའ་བོར་ཏེ།། མན་ངག་སྙིང་པོ་ཚང་བར་བསྟན།། ཚོགས་ཀྱི་མཆོད་པ་ཅི་ནུས་བྱ།། དེ་ལྟར་མ་བྱས་པར་ཆོད་འོང་།། ཞེས་གསུངས་སོ།། མུ་དགཏད་པ་དང་མཛད་སྟོང་ས
227b2 པའི་ལེའུ་སྟེ་བདུན་པའོ།། ། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་རྫོགས་སོ།། ། མ་གར་སྐད་དུ། མ་ཧཱ་སྭནྡྷི་སཾ་སཱར་མཱུ་ལ་སྟོ་དཱན་དྷམ་ཀྵ་ལ་ཨ་རྠཿརྐཱ་བིདྱཱ་ཏརྠ་ནཱ་མ། བོད་སྐད་དུ། རྫོགས་པ་ཙུན་པོ་ཁོ་ན
227b3 ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་ངོ་བོ་ཉིད་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པས།
227b4 རིགས་ལྔ་ལ་ནི་སྐུ་གསུང་ཐུགས་གཟིགས་ནས། ཡེ་ཤེས་འཁོར་ལོའི་དགོངས་པ་ལས་གཡོས་པ་མེད་པར་སྙོམས་པར་གནས་སོ།། དེ་ཚེ་དུས་གསུམ་སངས་རྒྱས་དང་།། རྡོ་རྗེ་འཆང་གི་རིག་འཛིན་དང་།། ཕྱི་ནང་དམ་བཏགས་ཆོས་སྐྱོང་དང་།། གཞན་ཡང
227b5 ལ་སོགས་པ།། དབང་མེད་དད་པས་འདུས་པ་རྣམས།། རང་སེམས་རྟོགས་པར་འདོད་པའི་ཕྱིར།། དད་པའི་ཡིད་ཀྱིས་སེམས་དམདེ་ནས།། ཐབས་གཅིག་རིམ་པར་འཁོད་འགྱུར་ཏེ།། དེ་ནས་ཐུགས་ཀྱིས་གཟིགས་པའི་དོན།། རྡོ་རྗེ་སེམས་དཔས་དོན་པ
227b6 བསྐལ་དོན་གསོལ་བཏབ་བརྩེར་དགོངས་ནས།། ཏིང་ངེ་འཛིན་གྱིས་གསོལ་བཏབ་པ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། ཡེ་ཤེས་ཐུགས་རྗེ་ཆེན་པོ་ཡིས།། ཞི་གནས་ལ་ནི་འབྲལ་མེད་དོན།། ཆོས་ཉིད་གནས་ལུགས་ཇི་ལྟ་བ།། འཁྲུལ།
227b7 པའི་བློ་ཡིས་རྟོགས་པའི་ཐབས།། ངེས་དོན་ཆོས་སྐུ་དང་རྒྱས་པ།། དུས་འདིར་བདག་ལ་བཤད་དུ་གསོལ།། རབ་བྱུང་བ་ཉིད་སྤྱདེས།། དོན་གསན་ཆོས་རྗེས་བཀང་སྩལ་པ།། སངས་རྒྱས་དགོངས་པ་ཇི་ལྟ་བ།། འཁོར་འདས་མརིག་སྙིང་པོའི་དོན།




iiif viewer powered by OpenSeadragon

227a - 228a

Texts on this page

Gdg001.18 - rdzogs pa chen po rin po che 'khor ba rtsad gcod kyi rgyud
Gdg001.19 - rdzogs pa chen po 'khor ba rtsad nas gcod pa chos sku skye med rig pa'i rgyud