| | e-texts navigator
|
226a1 གཉིས་ཀ་སྐྱེས་བུའི་ལོག་རྟོགས་ཙམ།། དོན་ལ་སྤྱོད་སྤངས་གཉིས་ཀ་མེད།། དེ་ཕྱིར་ཞེ་སྡང་ཡུལ་མི་དམིགས།། འཇིག་རྟེན་ཚོར་བ་བསལ་བ་ནི།། གཏི་མུག་རྨོངས་པར་ངས་བཤད་པས།། རྟོགས་ནས་མི་འབྱེད་དང
226a2 འདི།། ཅི་སྨད་བལྟ་བར་རབ་ཤེས་པས།། འདོད་ཡོན་ལྔ་ལ་ཅི་སྤྱོད་ཀྱང་།། བཅིང་བར་མི་འགྱུར་གྲོལ་བར་འགྱུར།། རྡོ་རྗེ་སེམས་དཔའ་ད་ཉོན་ཅིག། ཆོས་འདི་ཟོས་པས་འཛིན་རྟོག་ནུབ།། ཆུང་འདི་གོ་བས་རྟོག་པའི།། འཁོར་འདས་འཕྲུ
226a3 རྣབ་པར་དག། སྤང་སྡང་ཞེན་པ་རྡུལ་ཙམ་མེད།། རྟག་ཆད་གཉིས་པོ་རྡུལ་དུ་བརླག། འཁོར་འདས་བཟང་ངན་སྦྱིན་ལྟར་དེངོས།། ཞེན་པའི་ཆོས་རྣམས་གཏིང་ནས་མེད།། སངས་རྒྱས་སེམས་ཅན་གཅིག་ཏ་བྱས།། མཐོ་ངས་ངན་སོང་ཅན་དུ
226a4 འཁོར་བ་ཆོས་ཉིད་དང་དུ་བརླག། ཉེས་པ་དག་པས་སྒྲིབ་པ་མེད།། གཉིས་སུ་མེད་པས་ཤེས་རབ་གསལ།། གཞི་ནི་མི་འགྱུར་གསེར་བཞིན་དུ།། ཡེ་ཤེས་མི་འགྱུར་བརྟན་པ་ཆེ།། དེ་ལྟར་རྟོགས་པས་ཡེ་ཤེས་ཉིད།། འབྲས་བུ་གཞན་དས་བཅེ་འམ
226a5 གདོང་ནས་བྱུང་བའི་ཇོ་བོ་ཉིད།། འབྲས་བུ་སུལ་མི་ལྟོས་པ།། ལུས་དང་བྲལ་བ་ཀུན་བཟང་ཐུགས།། གཞི་གནས་བྲག་ཆགས་མི་གོས་པས།། རྣམ་ལཱ་མི་གཡོ་ཡེ་ཤེས་སླ།། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བསྐྲད་ནས་གཅོད་པའི་རྒྱུ་ད་ལས། རང་བྱུང
226a6 ཡེ་ཤེས་ཆེན་པོ་ལ་བཟླ་བའི་ལེའུ་སྟེ་དྲུག་པའོ།། ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ང་ཡི་མཛད་སྤྱོད་ཆེན་པོ་ནི།། སྟོང་གསུམ་འཇིག་རྟེན་ཐམས་ཅད་ནི།། ང་ཡི་བཞུགས་གནས་གཟིགས་མོའི་ས།། གཟུགས་ཉིད་སྐ་ལ་སྒྲར་སྣང
226a7 གསུང་།། དྲན་ཏོག་ཐམས་ཅད་ང་ཡི་ཞུགས།། སྣང་སྲེད་ཀུན་གྱིས་ངམ་མཐོང་།། མཐའ་ཡས་མིང་དུ་བཏགས་པ་རྣམས།། ང་ཡི་རོལ་པ་ལས་གཞན་མེད།། ང་ཡི་སྣང་བ་སྣ་ཚོགས་པ།། དོན་ལ་མེད་ཕྱིར་གཞིག་མི་དགོས།། སྤྲོས་ཀྱང་ང་ལ་བཟླས
iiif viewer powered by OpenSeadragon
225b - 226b