e-texts navigator
Collection
Volume
Page
Wylie

224b1 རྫོག་ཅི་མེད་ཆེས་པས།། ཡངས་པར་མི་འབྱུང་རྒྱུན་མི་འཆད།། སེམས་ཉིད་མ་རྟོགས་དོན་མི་བཙལ།། དྲུག་ལྔ་མི་སྲུང་ཆོས་ཉིད་དུ།། དེ་ཤེས་མི་བསྒོམ་དགོས་པ་མེད།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། འཁོར་འདས་གཉིས་ཀྱི་སྒོ་སླ་།
224b2 མགོས་ངོ་བོ་ཉིད་ཀྱི་སྐུ།། ཆོས་རྣམས་ཀུན་གྱི་གཞི་ཡིན་ཕྱིར།། ཀྱུ་ཡི་ཡེ་ཤེས་དེ་ལ་བྷ།། རྟོགས་པའི་རྐྱེན་གྱིས་ཆོས་ཀྱི་སྒྲ།། ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ཕྱིར།། མ་རྟོགས་སེམས་ཅན་ཐམས་ཅད་ཀྱང་།། བླ་མཱའི་རྐྱེན་གྱིས་ཡེ་ཤེས་འབྱུང་།། @
224b3 འདས་ལམ་གྱི་འབད་རྩོལ་གྱིས།། བླ་མེད་བྱང་ཆུབ་གེགས་ཡིན་ཕྱིར།། བསྒོམ་རྩོལ་མེད་པའི་ཡེ་ཤེས་འདི།། ལམ་གྱི་མཆོག་ནི་དམ་པར་གསུངས།། དེ་ཉིད་རྟོགས་པའི་ཤེས་རབ་ཀྱིས།། ཐེག་བརྒྱད་སྲང་ལེན་ཟིལ་གྱིས་གནོན།། སེམས་རྟོགས
224b4 སྙིང་པོ་དེ་ཉིད་ནས།། སྟོབས་རྣམས་མེ་བཙལ་ཡོན་ཏན་རྫོགས།། དེ་ལྷའི་ཡེ་ཤེས་འབྲས་བུ་ནི།། ཕྱི་མ་མ་ཡིན་དུས་འདི་ཅུ།། དབུལ་པོས་རིན་ཆེན་རྙེད་པ་བཞིན།། བཙལ་མེད་རིག་པ་མངོན་སངས་རྒྱས།། དུ་ཡང་རྡོ་རྗེ་སེམས་དཔའ་བྱོན།། རང་བྱུང་ཡེ་ཤེས
224b5 ཆེན་པོ་ལ།། ཡིན་མེད་དབྱེ་ངས་པཏུད་ཀྱིས།། ཡིད་ཀྱིས་ཉེན་པའིགས་པ་དཀྱང་།། ཡེ་ཞེས་ཆེན་པོར་བྱུང་།། སེམས་ཅན་རྡུལ་མ་མ་བྱེང་།། མཛག་ཕྲེ་ན་ཡེ་ཞེས་མེང་།། མིམམ་པན་མ་ནེ་ལོང་བའང་།། རྱ་བྱུང་མེད་པའི་ཡེ་ཞེས་དེ།
224b6 འགྱུར་ཡེ་ཤེས་ལྔ་འདོད་པ།། རྐྱེན་གྱིས་འགྱུར་ཕྱིར་ཡེ་ཤེས་མིན།། རྡོ་ལ་གསེར་དུ་འཛིན་པ་ལྟར།། ཡེ་ཤེས་རང་བྱུང་མ་ཡིན་ཏེ།། ཡི་ན་གཉིས་ཀུན་གཞི་གློ་བུར་སྐྱེད་།། གཞི་འཁྲུལ་ཕྱིར་ན་གཉིས་མེད་མིན།། རི་བོང་རྭ་ཡི་ཁ་དོག་འདྲ།། རང་བྱུང་ཡེ་ཤེས་ལེན
224b7 པས་ན།། ཤེས་རབ་ལྷག་མཐོང་བར་བྱུང་བ།། ཡེ་ནས་གནས་པའི་རང་བྱུང་དེ།། ལུང་ལྡན་བྱིན་གྱིས་རྟོགས་པའི་ཕྱིར།། རང་བྱུང་ཡེ་ཤེས་འཇོམ་པ་ནི།། མར་གྱི་ཡང་ཀུན་ལྟ་བུར་གསུངས།། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བཅ་གཙཅད་ཀྱི་རྒྱུད་ལས། དོན




iiif viewer powered by OpenSeadragon

224a - 225a

Texts on this page

Gdg001.18 - rdzogs pa chen po rin po che 'khor ba rtsad gcod kyi rgyud