e-texts navigator
Collection
Volume
Page
Wylie

224a1 བྱུང་བ་ནི།། ཐོག་མའི་དུས་ཀྱི་མཐའ་དྲུག་གཉིས།། སྤྱན་གཞི་མ་རིག་མུན་ག་སེབ་ན།། གཅིག་ལ་སྣང་བ་གཉིས་སུ་འབྱུང་།། ཡར་མར་འཁྲུལ་འཁོར་འཁོར་བའི་ཆོས།། ཐག་སྦྲུལ་བྲོ་ཡོར་ཇེ་བཞིན་དུ།། མ་རིག་པ་ལས
224a2 འཁྲུལ་པ་བརྒྱད།། དམུས་ལོང་ལྟ་བུར་རང་བསྒྲུབས་པས།། མི་ཤེས་ལོག་པའི་འཁོར་བར་འཁྱམས།། དེ་བས་སེམས་དཔའ་ཆེན་པོ་ཉོན།། འོག་མའི་ལུང་ལྡན་རྐྱེན་ཕྲད་ནས།། བློས་འཇལ་ལྟ་བ་རྣམ་པ་བཞི།། ཡོ་ག་མན་ཆད་ང་ཡི་གཏན།།
224a3 ཇེ་སྙེད་མཛད་ཀྱི་དང་མི་རྙེད།། མཚན་མ་རགས་ཤིང་ང་མི་རྟོག།། རྒྱུད་ལུང་རྣལ་འབྱོར་ཆེན་པོ་ལས།། ང་ཚོལ་བ་འཁྲུལ་ང་མི་རྙེད།། ང་མ་རྙེད་པས་སྡང་བ་ཞེ་ན།། འགྲོ་དོན་ཐེག་པ་རྣམ་པ་བརྒྱད།། གཞི་ཉིད་མུ་ཤེས་འཁྲུལ་པའི་ཕྱིར།། བརྐྱད་གཉིས
224a4 མི་སྒྲོལ་ཤིན་ཏེ་འཆིང།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་བའི་རྒྱུ་ནི་རྟོག་པ་ཡིན།། གཟུང་འཛིན་ཞེན་པ་མཚན་མར་སྣང་།། བག་ཆགས་བརྟས་ཕྱིར་ཀུན་གཞི་ཡིན།། ཡེ་ཤེས་མྱ་ངན་འདས་པའི་རྒྱུ།། མི་རྟོག་གཞི་གནས་ཉིད་བརྡལ་བ།། འབྲས
224a5 བུ་ཟུང་འབྲེལ་ལྡན་གྲུབ་པ།། གཉིས་ཀའི་རྒྱུར་གྱུར་གཞི་ཉིད་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ཉིད་མ་རྟོགས་དམན་རྣམས་ཀྱིས།། སྡང་བ་དེ་ཉིད་གཞིར་འདོད་པས།། སྨིག་རྒྱ་ཆུར་མཐོང་འཐུངས་འདོད་བཞིན།། འཁོར་འདས་གློ་བུར་རྐྱེན་ཡིན་ཕྱིར།། ངོ་བོ
224a6 གནས་ལུགས་ཆོས་སྐུ་ཡིན།། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བརྩད་གཅོད་ཀྱི་རྒྱུད་ལས། དེ་ལས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། མ་རིག་འཁྲུལ་པ་ལྡོག་འདོད་རྣམས།། འཁོར་འདྲས་གཉིས
224a7 ཀྱི་མ་རིག་འདོད།། རང་སེམས་སྙིང་པོ་རྟོགས་པའི་ཐབས།། ལུས་སྲོག་མི་ལྷ་དད་པ་ཡིས།། སྐྲག་ཅིང་ཡང་མེད་སེམས་ཀྱིས།། ཐེ་ཚོམ་ཡིད་གཉིས་མེད་པར་ནི།། འཁོར་འདས་རྩ་བའི་ངོ་བོ་ཉིད།། དཔའ་བརྟུལ་ཆེན་པོའི་བརྩོན་འགྲུས་ཀྱིས།། ཕྱིར་མི




iiif viewer powered by OpenSeadragon

223b - 224b

Texts on this page

Gdg001.18 - rdzogs pa chen po rin po che 'khor ba rtsad gcod kyi rgyud