e-texts navigator
Collection
Volume
Page
Wylie

223b1 སྐྱེ་བ་མེད་པས་ཨ་དང་འདྲ།། དོན་ལ་ཡིན་གྱི་དཔེ་མི་བསྟན།། དེ་ཕྱི་སྙིང་པོའི་ཐིག་ལེ་འདི།། ཆོས་ཉིད་མེད་པའི་སྟོན་རོལ་དུ།། སྟོང་པ་ཉིད་ལས་སཱ་ཕྱིར།། ང་ལ་སྟོང་པ། ལྟར་མ་ཏེ་བསྣ།། གདགས་པ་མེད་པའི་སྔོན་རོལ་དུ།། མིང་དང་ཚིག་པས
223b2 རོ་སྔ་ཕྱིར།། ཡོད་ཅིང་རྟག། པར་སྒྲོ་མི་གདགས།། ར་ནི་དབྱར་མེད་སྙིང་པོ་ལ།། སྐྱེ་ཤི་མེད་པར་ཡིད་ཆེས་པས།། འཁོར་འདས་མ་རེག་ང་སྔ་ཕྱིར།། རེག་གཉིས་ལོག་ཕྱིར་གདོད་ནས་དག། སྐྱོན་གྱིས་མ་གོས་ཆོས་ཀྱི་སྐྱེ།། ཀུན་བཟང་གློ་བར་འངས
223b3 རབ་ཏུ་ཆེ་མཆོག་ཡེ་ཤེས་སྐུ།། དོན་གྱི་སངས་རྒྱས་རྟོགས་པའི་ཕྱིར།། མི་སྐྱེ་མི་འགག་ནམ་མཁའ་འདྲ།། ང་མརྟོགས་པའི་སངས་རྒྱས་མེད།། དེ་ཕྱིར་སངས་རྒྱས་ཀུན་གྱི་མེས།། སངས་རྒྱས་ཀུན་གྱི་བླ་མང་།། དེ་མ་འཁྲུལ་པའི་སེམས་ཅན་མེད།།
223b4 སེམས་ཅན་ཕ་མ་ང་ཉིད་ཡིན།། ང་ལས་འཁྲུལ་བའི་རྐྱེན་གྱིས་སུ།། སངས་རྒྱས་སེམས་ཅན་ང་ལས་བྱུང་།། ཀྱི་ཡི་འབྱུང་བ་ང་ཡི་རྩལ།། ནམ་མཁའ་སྟོང་པ་ང་ཡི་དཔེ།། ལི་ནང་མཚན་མ་ང་འཁྲུལ་རྟགས།། འཁོར་འདས
223b5 རྩ་བང་ཉིད་ཡིན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། ང་ལ་བཤད་ཅིང་མཚོན་མི་མཁྱེན།། མཛད་པའི་ཆོས་ཉིད་སྨོས་ཅི་དགོས།། བསྐལ་བར་འབྱམས་ཀྱང་སྐྱེ་བ་མེད།། ཤི་མེད་ནོར་མཆོག་ཀུན་གྱི་གཞི།། རང་བྱུང་སྙིང་པོ་ཀུན་ལ་ཁྱབ།། དོན་ལ
223b6 འགྱུར་བ་རྡུལ་ཙམ་མེད།། གདོད་ནས་འགྱུར་མེད་བྱང་ཆུབ་ལ།། ཇི་སྐད་བརྗོད་ཀྱང་མཐུན་པ་མེད།། དེ་ཕྱིར་བློ་ཡི་སྤྱོད་ཡུལ་མིན།། མཛད་སྤྱོད་འབྱུང་བ་འཁོར་བའི་ཆོས།། དེ་ལ་དམ་པར་གང་འཛིན་པ།། ནམ་མཁའ་དག་ལ་འཛིན་པ་འདྲ།། སངས་རྒྱས
223b7 རྣམས་ནི་སྤྱོད་མི་མཛད།། མགྱུར་མ་སྐྱེས་པ་ཉིད་ཡིན།། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བརྩད་གཅོད་ཀྱི་རྒྱུད་ལས། དོན་ཆོས་ཉིད་ཀྱི་གནས་ལུགས་བསླད་པའི་ལེའུ་སྟེ་གཉིས་པའོ།། ། ད་ཡང་སེམས་དཔའ་ཆེན་པོ་ཉོན།། ང་ལས་འཁྲུལ་པ




iiif viewer powered by OpenSeadragon

223a - 224a

Texts on this page

Gdg001.18 - rdzogs pa chen po rin po che 'khor ba rtsad gcod kyi rgyud