e-texts navigator
Collection
Volume
Page
Wylie

223a1 བཀྲེང་དང་དོན་གྱིས་འདུལ་བ་ལས།། ངེས་པའི་དོན་གྱིས་འདུལ་བ་མིན།། ངེས་པའི་དོན་གྱིས་འདུལ་བ་ནི།། ཨུ་དུ་མ་ཝ་རུའི་མེ་ཏོག་བཞིན།། བརྒྱལ་མཱ་ལས་ནི་དེས་གའ་ཞིག། འབྱུང་སྲིད་ཀུན་དང་ཐུན་མོང་མིན
223a2 དེ་ཁྱེར་སྣོད་ལྡན་འཕྲང་གྱུར་ན།། མ་མཚོན་གོ་དང་མ་དཔྱང་རྟོགས།། དོན་ལྡན་དག་ཏུ་རིག་པའི་བློས།། མ་བསྒོམས་བསྟན་པསངས་པར་རྫོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བླ་མ་རྡོ་རྗེ་སློབ་དཔོན་ལ།། དད་པ་གྱོང་ལ་མེད་པ་དང་།། མེཆེད་ལ་སྲིང
223a3 གདང་བ་དང་།། འཁོར་བའི་སྡུག་བསྔལ་འཇོམས་པའི་ཕྱིར།། བྱང་ཆུབ་སྲོག་དང་བསྔོ་བ་ལ།། དོན་འདི་ཁྱོད་ལ་བཤད་ཀྱིས་སྟོན།། དེ་དང་མི་ལྡན་འདི་བསྟན་ནི།། ཕྱི་མའི་དུས་ཀྱི་སྣོད་མེད་རྣམས།། གནམ་ལྕགས་ས་ལ་བྱིང་བ་བཞིན།། མཁའ་འགྲོ་ན
223a4 ཀྱིས་སྲོག་བཅད་ནས།། ཐར་མེད་ངམྱལེ་བའི་གནས་སུ་ལྟུང་།། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བརྩད་ནས་གཅོད་པའི་རྒྱུད་ལས། དོན་གྱི་གླེང་གིཞི་བསྟན་པའི་ལེའུ་སྟེ་དང་པོའོ།། ། སེམས་དཔའ་ཆེན་པོ་ཁྱེད་ཉོན་ཅིག། ང་ཡི་ཆོས་ཉིད་གནས་ལུགས་ནི
223a5 དུས་གསུམ་མེད་པའི་གོང་རོལ་དུ།། འཁོར་འདས་གཉིས་ཀ་གདོད་ནས་མེད།། ང་ཉིད་དེ་ཚེ་གདོད་ནས་གནས།། བསྟན་པ་མེད་པའི་སྟོན་པའི་ཐུགས།། ད་རང་ཉིད་ལས་མ་གཏོགས་པ།། སངས་རྒྱས་སེམས་ཅན་མིང་ཡང་མེད།། འབྱུང་བ་ལྔ་དང་སྲིད་པའང་མེད།།
223a6 མི་སྲེད་ཕུང་པོ་གང་ལས་སྐྱེད།། བག་ཆགས་མ་བགོས་སྨོས་ཅི་དགོས།། དོན་རྟོགས་སངས་རྒྱས་མང་པའི་ཕྱིར།། དེ་བསྟན་རྟོགས་པ་ཤར་བ་མེད།། དེ་ཏིད་འཁོར་འདི་སྐ་ལ་བསྐྲད།། གཟུགས་མེད་སེམས་ཀྱི་སྙིང་པོ་ལ།། སྒོ་ལྡེ་མེད་ཕྱིར་ཡུལ་ཡང་མེད།། བཟ
223a7 ངན་ནམ་ཏོག་གཏིད་ནས་མེད།། ང་ཉིད་གཅིག་པུ་སྔོན་དུ་བྱུང་།། རང་གསངང་ཉིད་ཀུན་གྱི་མེས།། རྒྱུ་རྐྱེན་མེད་པའི་སྙིང་པོ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ང་ཡི་མཚན་ཉིད་མཐུན་དཔེནི།། དངོས་པོ་མེད་པས་ནམ་མཁའ་འདྲེ།། མི་འགྱུར་སྲབས་རྡོ་རྗེ་འདྲ།།




iiif viewer powered by OpenSeadragon

222b - 223b

Texts on this page

Gdg001.18 - rdzogs pa chen po rin po che 'khor ba rtsad gcod kyi rgyud