e-texts navigator
Collection
Volume
Page
Wylie

221b1 མཁའ་འ་ཏོགས་པ་བརྗོད་པའི་ལེའུ་སྐེ་བརྒྱང་ཅུ་བའོ།། དེ་ནས་འདས་པའི་ལ་བ་རྣམས་ལ།། ཀུན་གཞོན་འཆོས་ཡིས། སྲུ་བའི་སྙིང་པོ་འདོན་གཏང་བ།། ཆོས་ཀྱི་རྒྱལ་པོ་ཀུན་རྫོགས་འདི།། ལ་ལྡན་འདུས་པ་རྣང
221b2 ཡིད་ལ་བརླག་ཅིང་བཅང་བར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་ཡིས་བསྟན་པའི་སྙིང་པོ་འདི།། སངས་རྒྱས་ཀུན་གྱི་གསང་བའི་ཆོས།། རིག་འཛིན་རྣམས་ཀྱི་ཐུགས་ལ་སྤྲོས།། ཆོས་སྐྱོང་རྣམས་ཀྱིས་གཏེར་ལྟར་སྲུངས།། དེ་དོན་མན་གི་ངེས་དོན་འ
221b3 ལོག་སྲེད་ཞེན་ཆགས་མ་ངེས་ལ།། ནམ་ཡང་བསྟན་པར་མ་བྱེད་ཅིག། ཉན་ཐོས་ལ་སོགས་ལྟ་དམན་པ།། བསྟན་ཀྱང་གོ་བར་མི་འགྱུར་ལ།། མི་ཐེག་ཁལ་ཆེན་བཀྲལ་བ་བཞིན།། དོན་མགོ་བས་ངན་སོང་ལྷུང་།། ད་ཡང་འདྲེས་པའི་འཁོ་ན
221b4 དེ་བས་རང་སེམས་སྔོན་སྤངས་པའི།། རྣལ་འབྱོར་དང་ལྡན་འཁོར་རྣམས་ལ།། འཆི་ཀའི་སྙིང་པོ་དོན་མཚོན་ནས།། ངེས་དོན་རྒྱུད་འདི་རྟོགས་པར་གྱིས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་གསང་ངེས་དོན་ཁྱད་པར་ཅན།། འབྲས་བུ་ངེས་པའི་གདམས
221b5 འདི།། བླ་མར་མི་གྲོས་ངམས་ཅན།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྡོད།། ནོམ་ཕོངས་གཞོག་སློང་ཁགསགས་ཅན།། གཡོ་སྐུའི་ཐབས་ཀྱིས་ཆོས་འདོད་ལ།། རྒྱུད་ཀྱི་སྙིང་པོའི་ལྟ་བ་ནི།། ནམ་ཡང་བསྟན་པར་མ་གསུངས་སོ།། དེད་འདོད་རང
221b6 བཟོད་དྲིས་དོན་ཆོས།། གལ་ཏེ་སྙིང་པོའི་དོན་བསྟན་ན།། འཕགས་པ་རྣམས་ཀྱང་དགྲར་ལྡང་ན།། མཁའ་འགྲོ་མ་ཅན་སྤྲོས་ཅི་དགོས།། རང་གི་སྲོག་བཅད་མནར་མེད་ལྷུང་།། ང་ཡང་འདུལ་པའི་སྙིང་པོ་ཉོན།། ངེས་དོན་འདུས་པའི་རྒྱུད་ཆེན་འདི།།
221b7 ཤི་བའི་འོད་བཞིན་དུ།། བསྟན་པ་འཇིག་པའི་དུས་དག་ཏུ།། ཀུན་བཟང་ཐུགས་རྗེའི་བྱིན་རླབས་ཀྱིས།། རྣལ་འབྱོར་སྐལ་ལྡན་རྣམས་ལ་འགྱུར་།། དེ་ཚེ་རིས་དོན་འབྲས་བུ་འདི།། གུ་ལང་གི་སེར་བཞིན་མི་ནུབ་ཙམ།། སྣོད་ལྡན་འགའ་ལ་བསྟན་པ་ལས།། སྣང་དགུ




iiif viewer powered by OpenSeadragon

221a - 222a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa