| | e-texts navigator
|
221a1 @སེམས་རྟོགས་པ་ཡིན།། ཡང་ནི་རྫོགས་དང་འདི་གསུངས་པ།། ཞེ་སྡང་འདོག་ཡུལ་ལ་ངྠ། རྒྱ་ལོ་གྲོལས་གཅད་ནསཿ།། ཞེསདང་སྲོ་འརྒྱལ་བའི་ཐགས།། དེ་དུས་སྤྱ་ན་རྫས་ཀྱི་།། ཡང་འདགས
221a2 པ།། རྟོགས་དོན་བདེ་བའི་ཡེ་ཤེས་ཤང་།། རྒྱལ་པོང་བོ་ཉིད་ཀྱི་སྲ།། དེ་དོན་མི་འབྲལ་ཆོས་སྲུང་གསེར།། དེ་ལ་སྐྱོན་གྱིས་གནོང་མི་ཚུག། ཡང་ནི་རྟོགས་དོན་འདིར་གསུངས་པ།། པོ་མོ་འདོད་ཆགས་ཀྱི།། དེ་ང་།། གོལ་མྱེད་པོ་ཤེས་ལྡན་མི་འཆར།
221a3 སྔ་ཕྱིར་མ་སོང་ཞེན་མེད་ཕྱིར།། བདེ་ཆེན་ལོངས་སྤྱོད་ཆེན་པོར་བཤད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ལྷ་དམན་ཆོས་ལ་ཕྲག་དོག་ཀྱང་།། གོལ་བ་ཡིན་ཕྱིར་ཉེས་མེད་དགེ།། དེ་ཕྱིར་བྱང་ཆུབ་བདེ་བའི་ཐོར།། དེ་ལ་སྣརོན་གྱི་གྲོས་མི་སྨོད།།
221a4 ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་རིག་འཛིན་སྤྱན་སྔ་རུ།། འཇིག་རྟེན་མཁའ་འགྲོས་འདི་སྐད་གསོལ།། དམ་བཅས་དོན་ལས་བདང་། མི་འདའ།། བཀའ་བཞིན་བགྱི་བའི་དོན་ཆེད་དུ།། ངེས་དོན་འདུས་པའི་དོན་ཆེན་འདི།། མི་ནུབ་པ
221a5 བདག་གིས་བསྲུངས།། འདི་ལ་འགལ་བྱེད་སྡིག་ཅན་ཀུན།། མྱུང་དུ་བསྐལ་ལ་ཞལ་དུ་རྗུད།། དེ་ཡང་སྟོན་པའི་འཁོར་ཀུན་ཉོན།། བདག་ཅག་ཡིད་ཀྱིས་དམ་བཅས་པའི།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། སྡིག་ཅན་བསད་ཀྱང་གྲོལ་བར་ངེས།། །
221a6 རྣམ་སྨིན་སྲོག་ལ་ལོངས་སྤྱོད་ཀྱིས།། སངས་རྒྱས་རིག་འཛིན་རྣམས་ཀྱིས་ཀྱང་།། རང་སེམས་ཆོས་སྐུར་བྱིན་གྱིས་རློབས།། དེ་སྐད་བརྗོད་པའི་དོན་གསན་ནས།། ཀུན་རིག་སྟོན་པས་འཁོར་རྣམས་ལ།། རྩ་བ་ངེས་པའི་དོན་འདི་གསུངས།། ལེགས་སོ།།
221a7 ལྗིན་འ་ཁོར་རྣམས་ནོན།། ཤེས་རབ་བློ་ཡི་ཁྱད་པར་ལས།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད་ང་བ་གཅིག། དེ་སྐྱི་འཁོང་རྣམས་ཆོས་སྲུད་རྟོགས།། སངས་རྒྱས་འབྲས་བུ་དེ་ཉིད་ཡིན།། རྫོགས་པ་ཆེན་པོ་དེས་དོན་འདུས་པ་ལས།།
iiif viewer powered by OpenSeadragon
220b - 221b