| | e-texts navigator
|
220a1 པ།། བསྐོམ་མེད་དམིགས་དང་བྲལ་བའི་ཕྱིར།། སྡུག་ཏུ་བསྒྱུར་མོ་སྟེ། པར་དེས།། གསུང་མེད་རིག་པའི་དགོངས་པ་ཡིན།། ཡེ་ཤེས་ཟགས་ལ་འགྱུར་བུ་མྱོད།། གཞན་ཡང་ཤུ་འཛིན་པམས་པའི་ཆགས།། དསམ
220a2 ཀྱིས་མི་ཁྱབ་གྲངས་ལས་འདས།། རང་རང་གདེང་རྣམས་འདིར་གསུངས་པ།། དེ་དོན་ངེས་པཆོས་སྦྱར་གཞིག། རྫོགས་པ་ཆེན་པོངས་དོན་འདུས་པ་ལས། རིག་འཛིན་སེམས་དཔའ་རྣམས་ཀྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་དོན་བརྐྱང་པའོ།། རྐྱེནས
220a3 རྒྱལ་སྲས་སྐལ་པའི་ཚོགས།། ཚངས་པ་བརྒྱ་བྱིན་རྒྱལ་པོ་བཞི།། ཐགས་བཟང་རིས་དང་ག་བ་བཟང་།། མཁའ་ལྡིང་རྒྱལ་པོ་རྟ་མགོ་ཅན།། ཟུར་ཕུད་ལྔ་པ་ནོར་སྲུངས་དང་།། མགྲིན་བཅུ་དང་ནི་ཀླུ་རྒྱལ་རྣམས།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། ངེས་དོན
220a4 རྟོགས་པ་འདིར་གསུངས་པ།། རྩོལ་བསྒྲུབ་བྲལ་བ་བྱང་ཆུབ་ཞུགས།། རི་དོགས་མེད་པས་གོལ་ས་མེད།། དེ་དོན་མ་ཐལ་ཆོས་ཉིད་ལ།། རྒྱུན་དུ་འབྲལ་མེད་ཡིན་ས་ཡོད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། སྣང་བ་ཆོས་དབྱིངས་རྟོག་མེད་ལས།།
220a5 སྐར་བྲལ་བ་ཆོས་ཀྱི་དབྱིངས།། དེ་ཉིད་དུས་མཉམ་རང་གསལ་བ།། སངས་རྒྱས་ཀུན་གྱི་དགོངས་པར་གོ།། ཡང་ནི་རྟོགས་དོན་འདིར་གསུངས་པ།། གོལས་མེད་པའི་ལྟ་བ་ལ།། བྱིང་རྒོད་བྲལ་བའི་བསྒོམ་པ་རགས་ལ།། ཕྲག་དོག་མེད་པའི་སྤྱོད་པ་དེ།། དེ་ཉིད
220a6 ཡེ་ཤེས་ཆོས་ཉིད་ཀློང་།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ནོར་བུ་ཆུ་དངས་དཔེ་བཞིན་དུ།། དྲན་པ་ཙམ་གྱིས་མ་རིག་སངས།། བཅོལ་དུ་མེད་པས་ཡེ་ཤེས་རྒྱས།། དེ་དུས་ཉིད་ན་གཟུགས་སྐུ་འབྱུང་།། ཡང་ནི་རྟོགས་དོན་འདིར་གསུངས་པ།། དེས་དོན
220a7 ལུང་ལ་ཡིད་ཆེས་པས།། ཐེ་ཚོམ་མེད་ལས་རང་བྱུང་གསལ།། རིག་པ་མི་འགག་བདེ་ཆེན་ཀློང་།། དེ་ལས་མི་འགྱུར་དགོངས་པར་ཤེས།། ཡང་ནི་ཏོགས་དོན་འདིར་གསུངས་པ།། ཡུལ་གྱི་མཚན་མ་ཅིར་སྣང་ཡང་།། ཡིད་ཀྱིས་དགག་སྒྲུབ་མེད་པར་ནི།
iiif viewer powered by OpenSeadragon
219b - 220b