| | e-texts navigator
|
219b1 དང་ལ་འཁོར་བ་མེད།། དེ་ཕྱིར་སངས་རྒྱས་དགོངས་པ་ཡིན།། ཡང་ནི་ག་དེང་ཉམས་འདིར་གསུངས་པ།། འབྱུང་བ་ནི་ཞིག་པའི་ནམ་མཁའ་བཞིན།། ཆོས་ཉིད་སྙིང་པོ་རིག་པ་ནི།། ཡེ་ཤེས་རང་གསལ་འགྱུར་བ་མེད།། དེ་ཕྱིར་བསྒོམ་མེད་བྱང་ཆུབ་བྱ།། ཡང་དག
219b2 ཉམས་འདིར་གསུངས་པ།། མཚན་མའི་ཡུལ་མེད་བྱང་ཆུབ་ལམ།། དེ་ལས་མ་བཙལ་རང་བཞག་ན།། ཡང་དག་དོན་གྱི་དགོངས་པ་སྟེ།། དེ་ཉིད་མི་འབྲལ་བསྒོམ་པའི་མཆོག། ཡང་ནི་གདེང་ཉམས་འདིར་གསུངས་པ།། མངོན་སུམ་མི་གནས་ཆོས་སུ
219b3 ཐ་དད་བྲལ་བས་ཡེ་ཤེས་ཀློང་།། དེ་ལས་མཆོད་པའི་མེད་མ་རྙེད།། དེ་ལས་མ་གཡོས་བསྒོམ་པ་ཡིན།། ཡང་ནི་ག་དེད་ཉམས་འདིར་གསུངས་པ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། བསྒོམ་པས་རྙེད་པར་མི་འགྱུར་ཏེ།། མ་བསྒོམས་པས་ཀྱང་སྟོང་བྲལ་མེད།
219b4 དེ་ཕྱིར་ཆོས་ཉིད་འབྲལ་བ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ཆོས་ཉིད་ནམ་མཁའ་འདྲ།། དེ་བཞིན་ཏིང་འཛིན་སྤྲོས་མེད་གསལ།། དེ་ལ་གཉེན་པོས་བཅོས་སུ་མེད།། དེ་ཕྱིར་འབྲལ་མེད་དགོངས་པ་ཡིན།། ཡང་ནི་གདེ་ཉམས་འདི་དག
219b5 པ།། ཡུལ་གྱི་མཚན་མ་སྣ་ཚོགས་པ།། དེ་ཙམ་ཉིད་ནས་རང་བཞིན་ཤེས།། དེ་ཕྱིར་སེམས་རྟོགས་ཆོས་སྐུར་གསལ།། དེ་ལ་སྐྱོན་དུ་རྡུལ་ཙམ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། མ་བཙལ་བ་ཡི་ཆོས་ཉིད་ལས།། རྟོག་དབྱེད་མེད་པ་བསྐོམ
219b6 པ་སྟེ།། ཉམས་ནི་ཤེས་རིག་གསལ་བ་ལ།། དེ་ལས་མ་ཡེངས་བསྒོམ་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུགས་པ།། གང་ཡང་མ་སྤངས་སྐྱོན་མ་གོས།། འགྲོ་འོད་མེད་པར་རྒྱུན་དུ་གནས།། ཕྱིར་རྒོད་རྐྱེན་གྱི་དབང་མི་འགྲོ།། དེ་ལས་སྒྲིབ་མེད
219b7 སངས་རྒྱས་ཐུགས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། མ་བཅོལ་རང་ལས་རྙེད་པའི་ཕྱིར།། ལྷག་མཐོང་དྲན་པ་བལྟ་བའི་གཟུངས།། དེ་ཕྱིར་མི་འབྲལ་བསྒོམ་པའི་གདེང་།། ཡི་ནས་ཡོད་པས་སྟོར་བྲལ་མེད།། ཡང་ནི་གདེང་ཉམས་འདིར་གཏུ
iiif viewer powered by OpenSeadragon
219a - 220a