e-texts navigator
Collection
Volume
Page
Wylie

219a1 བསོད་པ་ཁྱེར། ངེས་པའི་སྲི་ང་བྱ་བརྗོད་པ་སྷོ།། མ་བྱའི་བརྩམ་སོ། མསས་རྙེད་པ་ག་པསརྗོད་། དོ་དདང་བྱུང་ང་མ་ལ། ས་མ་ད། ཞི་སྨྲ་ང་བྱུ་པ། ཉིན་མ་སརྣམས
219a2 སྤངས་ན་རྩོལ་བའི་སོ་ལ་སྒྲི་བ་ཡིན།། སྤང་བླང་མེད་པའི་དོན་རྟོགས་ན།། ངོས་དོན་དགོངས་པ་དེ་ལས་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། གསལ་ལ་མ་ཡེངས་ཆོས་ཀྱི་སྐུ།། མ་བསྒོམས་འཕྲུལ་མེད་ཏིང་ངེ་འཛིན།། དམིགས་ས་མེད་པས་རྣམ
219a3 མཁའ་འདྲ།། འདུ་འབྲལ་མེད་པས་རྒྱུན་དུ་གནས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། སེམས་ལ་གཉེན་པོ་མེད་པས་ན།། བསམ་པའི་ཡུལ་ལས་འདས་པས་ན།། གཞན་ནས་མ་འོངས་རྒྱུན་མི་ཆད།། དེ་ཉིད་རང་རིག་ཆོས་ལྟུང་རྟོགས།། ཡང
219a4 གདེང་ཉམས་འདི་གསུངས་པ།། རང་བྱེད་རིག་པ་དང་ཤར་ཕྱིར།། མ་རིག་མུན་པ་རྩད་ནས་གཅོད།། དེ་ལ་གཉེན་པོས་བཅོས་སུ་མེད།། གདོད་ནས་རང་བྱུང་སངས་རྒྱས་ཞུགས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཆོས་ཉིད་ཡི་ནས་མ་བཅོས་པའི།། དེ
219a5 ནམ་མཁའི་རང་བཞིན་ལྟར།། སྐྱེ་མེད་རང་གསལ་ཆོས་ཉིད་ལ།། རྒྱུན་དུ་འབྲལ་མེད་བྱང་ཆུབ་ཀློང་།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་དག་པས་པདྨ་འདྲ།། འཁོར་བའི་སྐྱོན་གྱིས་མ་གོས་པ།། དེ་ཕྱིར་ཆོས་ཉིད་དང་ལ་ནི།། འབྲལ་མེད་བྱང་ཆུབ་སེམས་སུ
219a6 གསལ།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཟབ་མོའི་མེང་ནི་ཅིང་བཏགས་ཀྱང་།། དཔེས་ཀྱང་མཚོན་མེད་བརྗོད་ལས་འདས།། དམིགས་པའོ་ཡུལ་བྲལ་ཆོས་ཀྱི་སྐུ།། དེ་ལས་མི་འགྱུར་ཉམས་ཀྱི་མཆོག། ཡང་ནི་གདེང་ཉམས་འདི་དག་སྤངས་པ།། 8
219a7 བྱུང་ཆོས་སུ་མཐའ་དབུས་མེད།། དེ་ལས་མ་ཡེངས་རྩོལ་བཟླ་བ་འདས།། མཚན་དུ་མེད་པས་རྐྱེན་མི་ཚུག། དེ་ཕྱིར་དུས་གསུམ་འཕྲལ་བ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་ན།། སྙིང་པོ་ཆོས་སུའི་རིག་འཛིན་དེ།། ལྷུན་གྱིས་གྲུབ་ཕྱིར་ཡེ་ཤེས་གླེང་།།




iiif viewer powered by OpenSeadragon

218b - 219b

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa