e-texts navigator
Collection
Volume
Page
Wylie

218b1 དེ་དོ་ཡེངས་མེད་བསྒོམ་པར་ཅོག། ཡང་ནི་དག་ངས་དོན་འདིར་གསུངས་པ།། ང་བོལ་ནས་སངས་རྒྱས་བྱེར།། འཁོར་འདས་མེད་པར་རྣམ་པར་དག། སྣརོ་ནི་མེད་པའི་རིག་པ་འདི།། དུས་གསུམ་སོ་འགྱུར་དུ་ངས་པ་ཡིན།། ཡང་ནི་དག
218b2 དོན་འདིར་གསུངས་པ།། རྒྱ་རྐྱེན་མ་སྐྱེས་འབྲས་བུ་ལ།། ལུང་ལས་མ་བྱུང་ཡེ་ཤེས་ཤར།། སེམས་ལས་མ་བྱུང་ཆོས་སྒྲ་རྟོགས།། དེ་དང་མི་འབྲལ་དགོངས་པའི་མཆོག། ཡང་ནི་དགོང་མདོན་འདིར་གསུངས་པ།། ཆོས་ཉིད་དང་ལས་དངོས་པོ་མེད།
218b3 ཕྱིར་མཚན་མ་རང་སར་གྲོལ།། དེ་ཕྱིར་ཐིག་ལེ་ཉག་གཅིག་ལ།། ཡེངས་མེད་འབྲས་བུ་སངས་རྒྱས་ཉིད།། ཡང་ནི་དགོངས་དོན་འདིར་གསུངས་པ།། སེམས་ཀྱི་ཡུལ་འདས་བྱང་ཆུབ་ཟུགས།། རང་ལ་བལྟས་པས་ཡེ་ཤེས་མཐོང་།། དེ་དོན་དངོས་མེད་དུ
218b4 ཆུབ་སྐུ།། དེ་ལས་མ་ཡེངས་ངེས་དོན་མཆོག། ཡང་ནི་དགོངས་དོན་འདིར་གསུངས་པ།། དངོས་པོར་མ་མཐོང་ཆོས་སྐུར་མཐོང་།། བསྒོམ་དང་མི་བསྒོམ་ཐ་སྐད་བྲལ།། གང་ལའང་མི་གནས་རིག་པར་ཤར།། དེ་དོན་སངས་རྒྱས་དགོངས་པ་ཡིན།།
218b5 ཡང་ནི་དགོངས་དོན་འདིར་གསུངས་པ།། ངེས་པའི་རང་རིག་ཡེ་ཤེས་ལ།། གང་ཡང་མི་བསམ་དྲན་མེད་དེ།། ཡིད་ཆེས་གདེང་དང་ལྡན་པ་མཆོག། དེ་ལ་འགྱུར་མེད་ཆོས་ཀྱི་སྐུ།། རྫོགས་པ་ཆེན་པོ་དེས་ཉོན་འདུས་པ་པས། ཕྱོགས་བཅུའི་སངས་རྒྱས
218b6 ཀྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་དོན་བདུན་པའོ།། །། དེ་ནས་ཀུན་བཟང་སྤྱན་སྔར་ནི།། རིག་འཛིན་རྟོགས་པ་བརྗོད་པའི་ཕྱིར།། བློ་གྲོས་གཙོ་དང་རྣམ་དག་སྙིང་།། དམ་པའི་ཡོན་ཏན་འོད་རླབས་ཅན།། ཤེས་རབ་ཐ་མ་རྒྱལ་མཚན་འཛིན།།
218b7 རྣམ་པར་གྲོལ་བ་ཏིང་འཛིན་དབང་།། ཆོས་དབང་དང་ནི་བསོད་ནམས་བརྩེགས།། བདུད་འཇོམས་དང་ནི་སེང་གེའི་སྒྲ།། རིན་ཆེན་མཐོང་དང་བརྩེ་བ་ཅན།། དབང་ཕྱུག་གཙོ་དང་ཡིད་དགེ་དང་།། མཐོང་དགའ་བདེན་མོས་གསུང་བརྩེགས་རྣམས།།




iiif viewer powered by OpenSeadragon

218a - 219a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa