| | e-texts navigator
|
217b1 རྒྱས་འདོད་པ་བྱེད།། ཆོས་སུ་མངས་ཅམ་ངོན་པ་བསྒྲིབས།། ཐོགས་པ་འི་མྱོངས་དོན་འདས་པ་ལས་བག་། གྲང་ས་སྦྱངས་རྒྱས་པསྟན་པའི་བ་མད་སྨྲས་པར། དེནས་འདས་པ་ས།
217b2 བས་བཀའ་སྩལ་པ།། ཐིག་ལེ་ཉག་གཅིག་མངོན་ཕྱུང་ནས།། ལུང་བསྟན་ངེས་པའི་དོན་ཕྱིར་དུ།། རྣམ་སྨིན་ལུས་དང་བྲལ་མ་ཐག། ཐོག་མཐའ་མེད་པའི་སངས་རྒྱས་ཆེ།། སྐད་ཅིག་གཅིག་ལ་མ་རིག་སངས།། ལུས་མེད་རིག་པའི་ཡེ་ཤེས་ཀྱང་།།
217b3 ། རང་བྱང་ཞུགས་ལ་སྱེ་ཤྲཱི་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན།། ནམ་མཐའ་ཉི་མའི་སྙིང་པོ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལུས་ཅན་སངས་ཀྱིས་ལ།། སེམས་ཅན་མེད་ཕྱིར་དོན་མེ་དགོས།། རང་བྱུང་རིག་པའི་ཆོས་སྣ
217b4 རང་ལྔ་ཡོད་པ་ངོ་ཤེས་ཕྱིར།། ཆེད་དུ་རྩོལ་བས་བསྒྲུབ་མི་དགོས།། རང་བྱང་རིག་པའི་ཆོས་སྲུལ།། དུས་གསུམ་འཁྲུགས་ཀྱང་འཕོ་འགྱུར་མེད།། སྟོང་གསུམ་ཞིག་ཀྱང་ཉམས་མི་སྲིད།། རང་བྱེད་ཆོས་སྨྲ་བ་མིག་ཅན།། དེ་ཡི་གཟུགས་བརྟན
217b5 སྒྲ་གཉིས།། མ་བཙལ་འབྱུང་བ་ཆོས་ཀུན་སྟོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱུད་ལུང་ཉན་ཐོས་ཡན་ཆད་ན།། འབྲས་བུ་གཟུགས་སྒྲ་འབྱུང་མི་སྲིད།། ཡིད་སྨོན་གྱིས་ནི་སངས་རྒྱས་ཀྱང་།། ངེས་དོན་ཡང་ཏིག་སངས་རྒྱས་མིན།། དུས་དང་རྣམ
217b6 པ་ཐམས་ཅད་ཀྱང་།། འདུས་མ་བྱས་པའི་སངས་རྒྱས་ནི།། དངས་མེད་རང་བྱུང་རིག་པའི་སྐུ།། དེ་དོན་ཆོས་སྐུ་ཤེས་པ་ལ།། དྲང་བའི་དོན་དུག་ཟུགས་སུ་འབྱུང་།། ཐབས་ལ་མི་བརྟེན་ཡོན་ཏན་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།
217b7 ཡང་དག་པར་ངེས་དོན་སངས་རྒྱ་བར་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རིག
iiif viewer powered by OpenSeadragon
217a - 218a