e-texts navigator
Collection
Volume
Page
Wylie

217a1 དཀྱིལ་འཁོར་མ་ལུས་རང་འཇིགས།། དཡང་རྡོ་རྗེ་སེམས་དཔའ་བོན།། དེ་བསྒྲུབ་སངས་རྒྱས་སྐྱེ་བ་འདས།། རྡོརྗེ་འཆང་བ་སན་།། ཐབས་པ་ཤེས་རབ་བ་སྐད་ག།། དགའ་འདུས་པོ་མོའི་དཔེ་བཞིན་དུ།
217a2 འཁྲིག་པའི་སྦྱོར་བས་ཐབས་ཀྱིས་ནི།། སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཞི་ཁྲོའི་ལྷ་ཚོགས་རྒྱན་དང་བཅས།། འདོད་ཆགས་འཁྲིག་པའི་ཚུལ་དུ་གནས།། བདེ་སྐྱིད་སངས་རྒྱས་ངོ་བོ་ལ།། ཡེ་ནས་།
217a3 དཀྱིལ་འཁོར་ཉིད།། གྲངས་ཀྱིས་མི་ལངས་ཕོ་མོ་ཀུན།། འགྲོ་དོནི་མ་ལུས་དུས་གཅིག་བྱེད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཆོས་རྣམས་རྣམ་རྟོག་དབྱེར་མེད་པས།། ནམ་མཁའ་སྟེང་འབྱུང་སྣ་ཚོགས་བཞིན།། སྐྱེ་ཤི་མེད་པ་སྨོས་ཅི་དགོས།། དུས
217a4 འབྱུང་བས་ཁྱད་པར་འཕགས།། དེ་ཕྱིར་ཐབས་ལ་བརྟེན་པའི་མེས།། འབྲས་བུ་བྱང་ཆུབ་ཆུང་མི་འཛའ།། ཐབས་ཀྱི་རླུང་ན་དམ་པའི་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉེན།། རྗེས་སུརྣལ་འབྱོར་སངས་རྒྱས་ནི།། མ་བསྐྱེད་རྫོགས་པ
217a5 ཡེ་ཤེས་ཀློང་།། ལྷ་ཡི་དཀྱིལ་འཁོར་རང་བྱུང་སྟེ།། ཀུན་བཟང་རོལ་པ་ཐབས་ཀྱི་ཡབ།། ཀུན་ཏུ་བཟང་མོ་ཤེས་རབ་ཡུམ།། བདེ་ཆེན་གཉིས་མེད་རིག་པའི་རྩལ།། འཇའ་ཚོན་རིས་འདྲ་དངོས་མེད་གས་ལ།། ཐུགས་ནི་རིག་པའི་ཡེ་ཤེས་ཅན།།
217a6 ཕྱི་ནང་རྩལ་དུ་གང་ཡང་ཤར།། ནམ་མཁའི་དཀྱིལ་དུ་ཉི་ཟེརན་ཚུལ།། རང་ལ་རྫོགས་པས་བསྐྱེད་མི་དགོས།། བཙལ་དུ་མེད་པས་སྡེ་ཤི་མེད།། འདུ་འབྲལ་མེད་པའི་སངས་རྒྱས་ལ།། ཀུན་ཏུ་བཟང་པོའི་ས་ཞེས་གདགས།། ད་ཡང་རྡོ་རྗེ་སེམས
217a7 དཔའ་ཉོན།། དེ་དག་ཆུང་ལུང་སངས་རྒྱས་ཀྱང་།། ཡང་ཏི་རྫོགས་ཆེན་ལ་ལྟོས་ན།། རང་བྱུང་ངེས་དོན་མ་ཤེས་པས།། ཆེད་དུ་བྱེད་པའི་རྩོལ་བས་བསྒྲིབས།། རེ་དོགས་ཕྲ་མོ་ཡོད་པའི་ཕྱིར།། ངེས་ལུང་མ་ཤེས་སྣང་བར་འཆོལ།། གཟུགས་ཅན་སངས




iiif viewer powered by OpenSeadragon

216b - 217b

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa