| | e-texts navigator
|
216b1 ངག་འཛིན་ས་རྗོང་མོ།། སྐྱེ་བ་མེད་པའིཇོརྗེ་འཛིན།། རིག་པ་གསུམ་མགོན་པོ་སངས་རྒྱས་པ།། བྲམ་བུའི་ཚུལ་དུག་ཅང་སྤྱོད་པས།། དག་པའི་སུངས་སུས་འབའ་ཞིག་འདོད།། ད་ཡང་འདྲས་པའི་སྟོང་པོནན།། ཀུ་ཀྱང་ལོངས་ཚོགས་པ
216b2 གཟུགས་བརྒྱན་ཆུ་ན་ལཱ་བུ་རྗེས།། འགྲོ་དོན་སྨོན་ལམ་སྟོབས་ཀྱིས་བྱེད།། དེ་སྙིར་དག་པའི་སངས་ཀྱིས་འདོད།། དུ་ཡང་རྡོ་རྗེ་སེམས་དཔའ་ཏོར།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡིས།། འབྲས་བུ་ཕྱས་རྒྱ་བཞི་བསླབས་ཏེ།། འབྲག་ཟེ་སྲེག་ཟོང་ར
216b3 པའི་སར།། ཆོས་ཀྱི་དབྱིངས་སུ་སངས་རྒྱས་འདོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐབས་དང་ཤེས་རབ་བདེ་སྤྱོད་ནི།། ལྷ་དང་ལྷ་མོ་ཀུན་ཀྱང་ནི།། ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན།། སེམས་དཔའ་སེམས་མ་མང་པོས་ན།། འཛིག་བྲལ་མེད་ལ་ཡེ
216b4 ཤེས་ལྷ།། ཆགས་པའི་ཚུལ་གྱིས་བཏེག་པའི་ཚུལ།། ལག་བཅངས་འཁྱུད་པ་ཙམ་གྱིས་ཀྱང་།། བདེ་བ་ཆོས་ཀྱི་དབྱིངས་སུ་སྨིན།། གསང་སྔགས་ཐབས་ཆེན་འབྲས་བུའི་མཆོག། སངས་རྒྱས་སན་འདའ་ཚོན་བཞིན།། རང་བཞིན་མེད་པ
216b5 སྐྱེ་ཤི་བྲལ།། རྣམ་པར་སྣང་མཛད་ལ་སོགས་པའི།། སངས་རྒྱས་བདེ་སྐྱིད་ཀུན་ལྡན་ཕྱིར།། གཞལ་ཡས་དཀྱིལ་འཁོར་ཞིང་ཁམས་རྣམས།། བསམ་པི་ཙུམ་གྱིས་རང་བཞིན་འབྱུང་།། དཔེར་ན་འཕྲུལ་དགའི་ལོངས་སྤྱོད་འདྲ།། ང་ཡང་འདས་པའི་སྐུ
216b6 ན།། དེ་དག་ཀྲི་ཡོག་སངས་རྒྱས་ཀྱང་།། ཡང་ཏི་རྫོགས་ཆེན་ལ་ལྟོས་ན།། རྩེད་མོ་འདྲ་སྟེལ་ཏ་སློབ།། ཡང་དག་དེས་དོན་མ་ཤེས་པས།། རོ་ངོགས་ཡོད་སྤྱིར་ལྷན་གྲུབ་མིད།། རྫོགས་པ་ཆེན་པོ་དེ་སངོན་འདུས་པ་ལས། གསང་སྔགས་ཀྱི་ཆུང
216b7 སངས་རྒྱས་བསྟན་པའི་ལེའུ་སྟེ་དོན་བཞི་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྣལ་འབྱོར་ཆེན་པོའི་སངས་རྒྱས་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། ཡེ་ནས་སངས་རྒྱས་ཡིན་པའི་བྱ
iiif viewer powered by OpenSeadragon
216a - 217a