e-texts navigator
Collection
Volume
Page
Wylie

215a1 ། བསྙུང་སྲན་གྱི་མཆོག། གང་ལ་རེག་པས་འཚོབ་ཀ།། ཡང་ཏིག་ཅིག་ལེ་ཉག་གཅིག་ལ།། ངེས་པའི་ལུང་ལྡན་དན་པསན་ན།། ལུས་ངགཅོལ་བ་མི་དགོས་ཕྱིར།། བསྟན་དང་སངས་རྒྱས་ངས་མཉམ་བྱུང་།། དཔྱིར་མ
215a2 ངག་ཤེས་པས་ཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། གསུང་གི་སྦལ་པ་བཱག་ཐུབ་ཀྱིས།། སེམས་ཅན་སྐྱེ་བོ་ལས་དགུ་ལ།། སྡེ་སྣོད་རྣམ་པ་གསུམ་གྱི་ཆོས།། བསྐལ་བ་ཟངས་མེད་རྣམ་གསུམ་ན།། འབྲས་བུབ་ཅཝ་གཙིགས་གནོན་འདོད།
215a3 ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་དཔག་བསམ་སྡོད་ཤིང་པས།། བསོད་ནམས་ཆེ་ཆུང་རིམ་པ་ཡིས།། འབྲས་བུ་སྣ་ཚོགས་རབ་འབྲིང་འབྱུང་།། དེ་ཕྱིར་ལས་དང་སེན་ལས་བྱུང་།། དེ་བཞིན་དྲང་དོན་ཆོས་རྣམས་ཀུན།། གང་རྟག་གོ་ཡི་རིམ་པ་ལ།། ཅི་ག
215a4 པ་ཡི་ཆོས་བསྟན་པས།། འབྲས་བུ་ལྷ་དང་མི་རུ་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་ཆོས་ཀྱིས་སངས་མེཿ།། ཨི་མྲའི་འབྲས་བུ་སྦྱིན་མ་སྲིད།། མ་རྟོགས་ཆོས་ཀུན་ཅི་སྙེད་ཀྱང་།། རྣམ་པར་གྲོལ་བར་མི་འགྱུར་རོ།། རྫོགས་པ་ཆེན་པ་ངས་དོན་འདས་པ
215a5 ལས། རང་རིག་འབྲས་བུ་མཐར་ཐུག་པའི་ལེའུ་སྟེ་དོན་གཅིག་པའོ།། །། དེ་ནས་འདས་པའི་འཁོར་རྣམས་ལ།། འགྱུར་མེད་དོན་གྱི་དཔེ་དོན་ནི།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཆུ་བོ་ཆེན་པོའི་དཔེ་བཞི་ཡིས།། མི་འགྱུར་དོན་ཆེན་ངེས
215a6 མཚོན་པ།། བཤད་ཀྱིས་འཁོར་རྣམས་ལེགས་པར་ཉོན།། ཆུ་གཞན་སྐྱེ་འབྲི་ཡོད་མོད་ཀྱི།། ཆུ་བོ་ཆེན་པོ་གང་གཱ་ལ།། དབྱར་སྐྱེ་དགུན་འབྲི་མེད་པར་ནི།། རྒྱུན་མི་ཆད་པར་རྟག་པ་བཞིན།། རང་བྱུང་སྨེ་མེད་རྣལ་འབྱོར་ལ།། དུས་དང་རྣམ་པ་ཐམས་ཅད་དུ།། །
215a7 ལྟ་བ་འཕེལ་འགྲིབ་མེད་པར་ནི།། ཡེ་ཤེས་ཆེན་པོ་རྒྱུན་མི་ཆད་།། ད་ཡང་འབྲས་པའི་སྙིང་པ་ཉོན།། ཆུ་གཞན་མཐོ་བ་ཡོད་མོད་ཀྱང་།། རྒྱ་བ་ཆེན་པོ་པདྨལ།། གཏིང་ལ་རིང་ཐུང་མེད་འབབ་ཅིང་།། དྲག་རིལ་མེད་པ་སྙོམས་པ་བཞིན།། ཐེག་གཞན་རྫོས།




iiif viewer powered by OpenSeadragon

214b - 215b

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa