e-texts navigator
Collection
Volume
Page
Wylie

211b1 ག་ཏུསྒྲ་བརྗོད་ཡུལ་ལས་འདས།། བརྗོད་མེད་དོན་ལ་ཡང་ཆེས་བྱེད།། རང་གས་ལ་སྐྱེ་མེད་མས་སུ་སྨྲ།། དོན་ནངས་པར་རྟོགས་པས་རྗོག། ད་ཡང་འདུས་པའི་ཉིང་པོ་སྟོན།། ཆོས་སུ་སྟོང་པའི་རང་བཞིན་ལ།། ང་བཤད་ཀྱིས་དམིགས་སུ་འདྲ།། དབྱུང་བ
211b2 ཤེས་ཀློང་གི་ལམ།། རྟོག་པས་སླབས་མ་ཡུལ་བས་འདས།། དངོས་གཞི་མེད་ཕྱིར་སྐྱེ་བ་མེད།། སྐྱེ་མེད་དོན་དེ་སྲས་རྟོགས་པ།། དེ་ནི་རྣལ་འབྱོར་དམ་པའི་ཐུགས།། སྐྱེ་མེད་དོན་ལ་ཡིད་ཆེས་པའི།། རང་བྱུང་ཐུགས་ལ་ཡེ་ཤེས་ལུས།། ཁ་དོག་དབྱིབས
211b3 མེད་པའི་ཕྱིར།། དངོས་པོ་ཡུལ་གྱི་མཐའ་ལས་འདས།། སྐྱེ་མེད་དོན་ནི་དེ་བཞིན་གཤེགས།། རང་གི་ངོ་བོ་བརྗོད་དུ་མེད།། རྒྱུ་མེད་ཕྱིར་ན་སྐྱེ་བ་མེད།། རྐྱེན་མེད་ཕྱིར་ན་འཇིགས་པ་མེད།། དེ་ཕྱིར་སེམས་དང་བྲལ་བའི་ཐུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།།
211b4 རང་བཞིན་སྐྱེ་མེད་སྤོས་དང་བྲལ།། བརྗོད་དུ་མེད་པར་རང་ཡིད་ཆེས།། རྒྱ་ཆེན་མ་བསྐྱེད་དོན་གྱི་ཕྱིར།། ལྷུན་གྱིས་གྲུབ་པར་ཐིག་ཆོད་དོ།། རྫོགས་པ་ཆེན་པོ་དེས་དོན་འདུས་པ་ལས། རང་བཞིན་སྐྱེ་བ་མེད་པའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།། །
211b5 དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རོལ་པ་གང་ཡང་མི་འགག་པས།། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་།། དེ་ཕྱིར་རོལ་པ་འགག་མེད་པས།། སངས་རྒྱས་ཀུན་གྱི་ཆེ་བ་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།།
211b6 ནདང་འབྱུང་བ་སྣ་ཚོགས་པ།། སྣང་སྟོང་དབྱེར་མེད་ཀུན་ཁྱབ་མངའ།། མཐའ་དབུས་མེད་ལས་ཐམས་ཅད་འབྱུང་།། དེ་ཕྱིར་ནམ་མཁའ་ཀུན་གྱི་གཞི།། རྩི་ཤིང་ནགས་ཚལ་ཐམས་ཅད་བསྐྱེད།། ཐེག་ཆེན་པོ་ལ་ཀུན་གནས་པ།། བྱང་ཆུབ་དཔེར་ནི་བསྟན་པའི་ཕྱིར།།
211b7 དེས་ནི་རོལ་པ་འགགས་པ་མེད།། ཐམས་ཅད་སྡུད་པར་བྱེད་པའི་ཕྱིར།། གཞི་གནས་རྣམ་དག་ཟླ་ཆེན་པོས།། མི་གཙང་གོལ་སྒྲིབ་འཁྲུད་པའི་དཔེ།། དེ་ཕྱིར་རོལ་པ་འགག་པ་མེད།། གང་ཡང་ཆགས་པའི་རྟེན་མེད་ཕྱིར།། ཞེས་བྱ་ཐོགས་མེད་ཡེ་ཤེས་རླུང་།།




iiif viewer powered by OpenSeadragon

211a - 212a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa