| | e-texts navigator
|
211a1 ཡེ་ནས་རྫོགས།། འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ།། ཞེ་སྡང་སྦྲུལ་སྒྲ་ཡེ་སངས་རྒྱས།། གཏི་ཕྲག་ཆོས་སྨྲ་མ་རིག་སངས།། ང་རྒྱལ་ང་བཤད་སྦྱར་དག། ཕྲག་དག་གསང་བའི་སྒྲ་རུ་རྫོགས།། དྲག་ལྔ་གཅིག་ཤེས
211a2 བྱང་ཆུབ་སྐུ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ཡོད་ན་མ་རིག་མེད།། དེ་ཕྱིར་ལུང་ལྡན་ངེས་པའི་དོན།། བཀའ་བརྒྱད་ཆོས་འདི་སངས་རྒྱས་གསུང་།། མ་རིག་སེལ་བའི་སྤྲིན་མེ་ཡིན།། ཉི་ཟླས་དེ་ལ་འགྲན་མི་ནུས།། མ་རིག་མེད་ཕྱིར་སངས་རྒྱས
211a3 འགྲུབ།། ཡེ་ཤེས་ཤར་བས་ཐམས་ཅད་མཁྱེན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐིག་ལེ་རྟོགས་པས་གང་ཡང་འགྲུབ།། ཀུན་གཞི་བརླག་པས་ཡོན་ཏན་རྫོགས།། སྣང་བ་མེད་པས་ཞིང་ཁམས་དག། སེམས་དང་བྲལ་བས་ཆོས་སྐྲགས་ལ།
211a4 མ་རེག་མེད་པས་གཞི་དང་ཕྲད།། རྟེན་པ་མེད་པས་རབ་མེད།། གོ་ལས་མེད་པས་མྱང་བ་མེད།། འཁོར་བ་མེད་པས་དོགས་པ་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་དུ་མེད་པས་ཡངས་མི་སྲིད།། སྐྱེ་འགག་མེད་པས་བྱིང་ནོད་སངས།། རང་།
211a5 བྱུང་རིག་པའི་ཡེ་ཤེས་འདི།། སྲས་ཀྱང་མ་བྱས་བྱས་པ་མེད།། དེ་ཕྱིར་ཆོས་ཀྱི་སྙིང་མ་ཡིན། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། མ་རིག་པ་གཞི་ལ་མེད་ཅིང་དག་པར་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།།
211a6 འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཆོས་རྣམས་སྐྱེ་བ་ཇི་ལྟར་མེད།། རོལ་པ་འགག་མེད་ཇི་ལྟར་འབྱུང་།། མཚན་ཉིད་གཉིས་མེད་གཏན་ཚིགས་གང་།། རང་བློ་ངོ་བོར་ཇི་ལྟར་གྲོལ།།
211a7 ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་བཞིན་སྐྱེ་མེད་གཏན་ཚིགས་ནི།། གཞི་ལ་སྣང་བ་མེད་པའི་ཕྱིར།། ཆོས་རྣམས་ཐམས་ཅད་སྤོས་དང་བྲལ།། དེ་ཕྱིར་རང་བཞིན་སྐྱེ་བ་མེད།།
iiif viewer powered by OpenSeadragon
210b - 211b