e-texts navigator
Collection
Volume
Page
Wylie

210b1 ཡིས།། སེམས་ཅན་ལུས་དང་བག་ཆགས་ཡིན།། དགེ་སྡིག་གཉིས་ཀྱི་འབྲས་བུ་ནི།། དྲང་དྲོན་ཆོས་ལ་བདེན་འཛིན་ཀྱང་།། གཞི་ལ་སྐྱོན་ཡོན་གཉིས་མེད་ཕྱིར།། བླང་དོར་མེད་པར་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་འཁྲུལ་པའི་སྔར
210b2 པ་ཡང་།། གཙང་དང་མི་གཙང་གཉིས་ཀའི་གཞི།། ལུད་པ་ལ་སོགས་གང་རུང་ལ།། བྱ་ཁྱི་གཉིས་ཀྱིས་ཟས་སུ་མཐོང་།། མི་རྣམས་ཀྱིས་ནི་མི་གཙང་མཐོང་།། དེ་ཕྱིར་སྣང་བ་མ་ངེས་ཕྱིར།། དོན་ལ་བླང་དོར་མེད་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།།
210b3 གཞི་ལ་སྣང་བ་མེད་པ་ཡང་།། རང་གི་རང་སེམས་འཁྲུལ་བའི་ཕྱིར།། འཇིག་རྟེན་ཆོས་ལ་བླང་དོར་བྱས།། དེ་ཕྱིར་མ་རིག་རྨོངས་པས་ནོར།། དེ་བས་སྣང་ཞིང་གྲག་པའི་ཆོས།། མེད་ལ་ཡོད་འཛིན་བག་ཆགས་བློས།། ཆོས་བརྒྱད་བཟང་ངན་གཙང་སྨེ་ལ།། སྤ།
210b4 སྡུད་བླང་དོར་མེད་པར་ནི།། མ་ཞེན་དམ་པར་བལྟ་མེད་ན།། སྣང་བ་རང་སར་གྲོལ་བའི་ཕྱིར།། བླང་དོར་མེད་པར་ལ་བཟླའོ།། དེ་ཡང་འདུས་པའི་སྙིང་པོ་ཉིན།། ཡང་དག་ཆོས་སྐུ་གཅིག་གཅིག་ལ།། གང་ཡང་མེད་ཕྱིར་བླང་དོར་མེད།། དེ་ཕྱིར་ངེས་དོན་སྙིང
210b5 པོ་ལ།། བསྒོམ་དུ་ཡོད་མེད་འབྲལ་བ་མེད།། ངེས་དོན་སངས་རྒྱས་དགོངས་པ་ལ།། ཉི་ཤར་མུར་པ་མེད་པ་ལྟར།། ངེས་དོན་རྟོགས་པས་སྐྱོན་ཡོན་མེད།། དེ་ཕྱིར་བླང་དོར་མེད་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྤུ་ཡེ་ཤེས་ངོས་ཟིན
210b6 ནཱ།། གང་ཡང་ར་བྱུང་སྦྱིན་གྲུབ་ཆོས།། དེ་ལས་གཞིན་བའི་ཆོས་མེད་བྱེར།། ད་ད་མེད་པ་ལྡནའོ།། རྫོགས་པ་ནིན་པ་ས་ན་འདུས་པའིས། སྔོན་མན་ཞེལ་མེད་པར་ལ་བཟླ་བའི་ལྡེབྲུ་སྐུར་གཉིས་པའོ།། ། དེ་ནས་འདུས་པའོ
210b7 གས་རྣམས་ལ།། སུ་རིག་སྲིན་པས་བཀན་སྩལ་བ།། ཆོས་སུག་ཟུངས་རྟོགས་པ་འོ།། མ་རིག་མེད་པ་ལ་དྲུག་སུ་གོས།། ཐམས་བྱུང་ས་སྤང་གས་པ།། སྲང་སྔན་ཆེན་གྱིས་མ་ག་།། དུས་སུ་བྱང་ཆུབ་ལ་མ་ཡིན་གྱིར།། ཨུས་གྱུན་དུ




iiif viewer powered by OpenSeadragon

210a - 211a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa