| | e-texts navigator
|
194a1 གཅིག་སྟེ།། འདི་ནི་བདེ་གཤེགས་ཐམས་ཅད་ཀྱི།། ཐུགས་ཀྱི་དམ་པའི་དཀྱིལ་འཁོར་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་སྙིང་པོ་འགྱུར་མེད་ལ།། བློ་ཡིས་བཅོས་པས་གཞི་མི་འགྱུར།། དབྱར་རྐྱེན་རྣམ་བཅོས་སུ་མེད།།
194a2 མ་བཅོས་ཡེ་ནས་ཀུན་གྱི་གཞི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་རྣམས་ཀུན་གྱི་རྩ་བའི་གཞི།། དུས་གསུམ་སངས་རྒྱས་ཀུན་གྱིས་གསུངས།། དེ་ཕྱིར་གཞི་ལ་འཕོ་འགྱུར་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ལྷུན་གྱིས་གུང་པའི་ཕྱིར།། སངས
194a3 རྒྱས་རྐག་གཅིག་ཆོས་ཀྱི་སྐུ།། འདི་ནི་འཁོར་འདས་གཉིས་ཀྱི་རྒྱུ།། མ་རྟོགས་དུས་ན་འཁོར་བ་ལས།། རྟོགས་ན་མྱ་ངན་འདས་ཞེས་བྱ།། གཞི་ལ་སངས་རྒྱས་སེམས་ཅན་མེད།། དེ་ཕྱིར་གཉིས་མེད་གཅིག་གི་དང་།། ཐམས་ཅད་དེ་ལི་ངོ་པོར་གནས།།
194a4 ང་ཡང་འདུས་པའི་སྙིང་པོ་ཉིན།། འཁོར་འདས་གཉིས་པས་གཞི་སྡེའི་ཕྱིར།། བློ་ཡིས་མ་བཅོས་འཁོར་འདས་མེད།། བག་ཆགས་མ་བརྟས་འདྲེང་བ་མེད།། གང་ཡང་མེད་ཕྲེང་དྲན་པ་རྒྱ།། རང་བྱང་རྟོགས་པའི་མཅོམ་ལྡན་འདས།། ས་རྣམས་མང་སྒོའང
194a5 གིས་རྫོགས།། ལམ་ལ་མི་བརྟེན་ལམ་དང་བྲལ།། མེད་པ་མ་ཡིན་ཡེ་ཤེས་ཉིད།། རྫོགས་ཆེན་མཉམ་ཉིད་ཀུན་ཏུ་ཁྱབ།། ཆོས་རྣམས་ཀུན་གྱི་ཆོས་ཆེན་པོ།། ཐམས་ཅད་ངོ་བོར་ལྷན་གྱིས་གྲུབ།། དེས་བསྐྱེད་ཆོས་རྣམས་ཐམས་ཅད་འགྱུང་།། འཁྲུལ་བྲལ
194a6 རྟོག་མེད་གཞི་དང་མཐུན།། དེ་ཕྱིར་ལུང་ལྡན་རྟེན་གྱིས་ནི།། སྒོ་དངོས་གཅིག་པོའི་དགོངས་པ་ལ།། གཞི་ཤེས་པ་ལ་རྟོགས་ཞེས་བྱ།། ད་ཡང་འདྲས་པའི་སྙིང་པོ་ཉོན།། ཆོས་ཀྱི་རྒྱལ་པོ་རབ་སྔགས་ཕྱིར།། འཁོར་འདས་འབྱུང་བ་ཐམས་ཅད་ནང་།། རྩོལ
194a7 བ་མེད་པར་ཤུགས་ལས་འབྱུང་།། དེ་ཕྱིར་ཀུན་གྱི་གཞི་འགྱུར་ཞེས།། ཀུན་བཟང་ཉིད་ཀྱི་གསུངས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གནས་ལུགས་འགྱུར་བ་མེད་པ་བསྟན་པའི་ལོའུ་སྟེ་སོ་ལྔ་པའོ།། །། དེ་ནས་འཁོར་གྱི
iiif viewer powered by OpenSeadragon
193b - 194b