| | e-texts navigator
|
193b1 དེ་ནས་འདུས་པའི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་དོན་ཞུམས།། སྣང་བ་ཆོས་དབྱིངས་བལྟ་བ་གང་།། དོན་གྱི་འགྱུར་མེད་གནས་ལུགས་ཅི།། མཐའ་བྲལ་གཞི་ངས་བཤད་དུ་གསོལ།། དེ་སྐད་ཞུས་པ་འདོན་གསན་ནས།། ཀུན་དག་སྟོན་པས་བཀའ་སྩལ་པ།། རང་ཟུང
193b2 ཆོས་སྐུ་གཅིག་གཅིག་ལ།། ཡོན་ཏན་ཐམས་ཅད་འབྱུང་བ་ནི།། དཔེར་ན་ནོར་བུ་རིན་ཆེན་ལྟར།། དེ་ནི་ལྷན་གྲུབ་ཀུན་གྱི་གཞི།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་བའི་རྒྱུ་ནི་ཞེན་ཏོག་སྟེ།། ལུང་ལྡན་གྲུབ་མཐས་བློ་མ་བསྒྱུར།། དབང་པོ་ཡུལ་ལ་རྟག་ཏུ་ཡེངས།། ཆོས
193b3 བརྒྱད་གཟུང་འཛིན་དམ་པར་ཞེན།། ཆུ་བོ་བཞི་ཡིས་མི་འཇིགས་བཞིན།། འཁོར་བར་འཁྱམ་པའི་གཏན་གཞི་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྲ་དག་ཡུལ་ནི་གཉེན་པོས་སློང་།། རིས་སུ་འཛིན་ཅིང་དབྱེ་བ་སྤོང་།། ཡོད་མེད་འཆལ་བས་རྒྱུ་འབྲས་སྤོང་།། བློ་ཡིས་གཞི
193b4 རྐེད་འཆོས་པའི་ཕྱིར།། ཉན་ཐོས་དང་རྒྱལ་གོལ་བར་བཤད།། དྲི་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་རྣམས་སེམས་སུ་བསྡུ་བའི་ཕྱིར།། ཡུལ་སེམས་གཉིས་མེར་འདོད་པ་དང་།། སེམས་ཉིད་དང་སྡང་ཡིན་འདོད་པས།། སེམས་ཉིད་སྟོང་པ་ཡིན་བལྟ་དང་།
193b5 ཅིས་ཀྱང་ཁས་མི་ལེན་པའི་ཕྱིར།། དབུ་མ་སེམས་ཙམ་བལྟ་བ་ཡིས།། སྡུད་པའི་རྟོག་པས་གོལ་བའི་ཕྱིར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་འབྱུང་བ་རྣམ་ལྔ་ནི།། གཞན་འབྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཕྱིར་མི་སྤོང་གནོད་མི་ནུས།། སེམས
193b6 སུ་མི་བསུ་ཕྲན་མི་ཐོག། དེ་གྱིར་ཁོ་ནར་ཞེན་མེད་ན།། སྣང་བའི་ཡུལ་ནི་ཅིར་སྣང་ཡང་།། སྤྲོ་སུར་མི་གདབ་འང་གསལ་བ།། ཆོས་ཀྱི་དབྱིངས་ཞེས་དེ་ལ་\ུ0f7f།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།། གོལ་མེད་ཆོས་སྙིང་བྱིངས་བསྟན་པའི་ལེའུ་སྟེ་སོ་བཞི
193b7 པའོ།། ། དེ་ནས་འདུས་པའི་འཁོང་རྣམས་ལ།། ཀུན་རིག་སུན་ཏུ་བཟང་པོ་ཡིས།། གནས་ལྤགས་འགྱུར་མེད་བཀའ་སལ་པ།། ཆོས་སྐུ་ཁྱབ་པའི་ཕྱི་ནང་ཆོས།། མཐའ་དབུས་མེད་པ་ཐམས་ཅད་ཀྱི།། གནས་དང་གཞི་ཡིནན་བྱེད་པ།། རང་བྱང་ཐིག་ལེ་6
iiif viewer powered by OpenSeadragon
193a - 194a