| | e-texts navigator
|
192a1 ཏེ།། རྣམ་རྟོག་ཡེ་ཤེས་ཐ་དད་ཀྱང་།། སེམས་ཀྱི་ཆོས་ཉིད་དངང་དུ་གཅག། ད་ཡང་རྡོ་རྗེ་སེམས་དཔའ་ཉན།། དེ་ཡང་དེ་ཉིད་མཚན་པ་དཔེ།། སྨན་དང་འང་འཇོམ་འདངས་དང་།། འབྱུང་བ་ཚོ་འཕྲུལ་སྣ་ཚོགས་ལ།། ནམ་མཁ་ད
192a2 བཞིན།། ཡུལ་གྱི་ཐ་དད་མཚན་མ་རྣམས།། རང་གི་སེམས་ཀྱིས་བརྟགས་པའི་རྔེར།། གྱི་ནང་ཆོས་རྣམས་མ་ལུས་ཀུན།། རིགས་ཆུད་མེད་ཕྱིར་སེམས་སུ་གཅིག། རྫོགས་པ་ཆེན་པོ་དེས་དོན་འདུས་པ་ལས། ཆོས་རྣམས་སེམས་སུ་འདུས་པར་བསྟན་པའི་ལེའུ་ལྷ་མོ་གཅིག
192a3 པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། སེམས་འདོད་གོལ་བར་བཀའ་སྩལ་པ།། སེམས་ཀྱིས་ཆོས་སུ་བསྒྲིབས་པའི་ཕྱིར།། འཁོར་འདས་གཉིས་ཀྱི་བར་དོན།། ཐོག་མཐེའ་གཅོད་ནི་མ་ཤེས་ན།། སྐྱེ་རྒས་ན་འཆི་ལས་མི་ཐར།། ས་མཁན་མེད་པའི་ཚོང་པ
192a4 འདྲ།། སྐྱེ་འཆི་གཉིས་ཀྱི་བར་དོན།། ཆོས་སྤར་ངོ་སྤྲོད་མ་ཤེས་ན།། མ་རིག་མུན་པ་སངས་དུས་མེད།། སྒྲོན་མེ་མེད་པའི་མུན་ཁུང་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་སེམས་གཉིས་ཀྱི་བར་དོན།། གོལས་གཅོད་ནི་མ་ཤེས་ན།། ཉོན་མོངས་ཉེན་པས་ལྡོག་ས
192a5 སྲིད།། དྲོད་མོ་གདོས་ཀྱིས་ཟིན་པ་འདྲ།། མཉམ་བཞག་རྗེས་ཐོབ་པར་དོ་རུ།། ཆུན་དུ་འབྲལ་མེད་མ་ཤེས་ན།། ལྟ་བསྒོམ་གཉིས་ཀྱིས་རྐྱེན་མི་ཐུབ།། ཆུ་བྲན་ཟན་པས་བསྐམས་པ་འདྲ།། སྲེད་པ་དག་གི་བར་དོན།། སངས་རྒྱས་འབྱུང་དུས་མ་ཤེས་ན།། གཟུགས
192a6 སྒྲ་རྣམ་གཉིས་འབྱུང་མི་སྲིད།། རིན་ཆེན་འདམ་ཁུང་སྟོར་བ་དདྲ།། བདག་གཞན་རྩོད་པའི་བར་དོན།། གལ་མདོ་ཚིག་གི་འཕྲང་མེད་ན།། ཐེག་པ་གཞན་ལས་ཁྱད་མི་ཐོན།། གཡུལ་ངོར་ཕམ་པའི་བློན་པོ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་གདམས
192a7 ངག་མེད་པའི་སྐྱོན།། སེམས་ཀྱི་རྩབ་མ་རིག་པས།། འཁྲུལ་པ་སྣ་ཚོགས་འབྱུང་བའི་ཕྱིར།། འཁོར་བའི་རྩ་བ་ཆགས་སྣར་ལྔས།། ངན་སོང་གསུམ་དུ་རྟག་ཏུ་འཁོར།། དེ་ཕྱིར་མ་རིག་སེམས་ཀྱིས་འཐུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཀྱི་འདོད
iiif viewer powered by OpenSeadragon
191b - 192b