| | e-texts navigator
|
191a1 བདེན་པ་གཉིས་སུ་རྣམ་པར་གྱི།། གཅིག་པར་ནས་ནི་གཅིག་ཚལ་པ།། ཆུ་བ་ཞག་ཟླ་བ་ངོས་འཛིན་འང་།། ད་ཡང་འདུས་པའི་སྙིང་པ་ཉོན།། ཐམས་ཅད་རྩབ་གཅག་པ་ཡི།། རང་གི་སེམས་ཀྱི་སྙིང་པོ་འདོན།། བབ་ལ་རྒྱ་ཆོམ་ཤེས་པས།
191a2 བསམ་དུ་མེད་དང་གང་འཇོག་པ།། བྱིས་པ་དེ་ནི་བླུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། རྫོགས་པ་ཆེན་པོ་དེས་དོན་འདུས་པ་ལས། རྒྱ་མཚན་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། དྲན་རིག
191a3 སྟོན་པས་བཀའ་སྩལ་པ།། ཆོས་ཉིད་སྟོང་པའི་ངང་ལས་ནི།། དག་པ་བཞི་ཡི་སྒོར་ཞུགས་ནས།། ཡོ་བྱད་ཀྱི་ལ་གཙོར་འཛིན་ཅིང་།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་དུ།། རྒྱུད་དག་པ་ཡེ་ཏིང་འཛིན་གྱིས།། སྒྲ་ནི་གཟུགས་བརྙན་ཕྱག་མཚན་དང་།། བཟླས་བརྗོད་ག
191a4 དུས་ཚིགས་ཀྱིས།། ཆུ་རྐྱེན་ཚོགས་པའི་རུས་མཐུ་ཡིས།། རིགས་གསུམ་དཀྱིལ་འཁོར་ལྷར་གསལ་ཀྱང་།། དངོས་གྲུབ་གཞན་ལ་རེ་བ་ཡིས།། ཁྱེ་རྒན་འདབ་ཆགས་བསྙེགས་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་སེམས་དབྱེ་བ་མེད་པ་ལ།། ཨུཔ
191a5 ཡི་ཐེག་པ་ཡང་།། གོང་འོག་ལྷ་སྤྱོད་གཉིས་འཛིན་པ།། ནེ་ཙོ་མི་ལྟར་འཆོས་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡིས།། ཕྱག་རྒྱ་བཞི་ཡི་སྒོར་ཞུགས་ནས།། ཡོ་བྱད་གཙོ་རུ་མི་འཛིན་པར།། དོན་དམ་སྐྱེ་འགག་མེད་པ་ལ།།
191a6 ལྷ་ཡི་དཀྱིལ་འཁོར་འཕགས་པའི་སྐུ།། རྣམ་པར་སྣང་མཛད་ཆེན་པོ་ཡི།། ཆོས་དབྱིངས་དག་པའི་བྱིན་བརླབས་ལས།། ལྷ་དང་བདག་ཏུ་མཉམ་པ་ཡིས།། དམ་ཚིག་ཡེ་ཤེས་ལྷར་གསལ་ཀྱང་།། རྒྱལ་སྲེད་མེད་པའི་བློན་པོ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།།
191a7 མའི་དོན་མེད་ནན་བ་རྟགས་ཀྱིས།། དམིགས་པ་ཅན་ལ་སེམས་གཏད་ཀྱང་།། རྣམ་པར་གྲོལ་བར་མི་འགྱུར་ཏེ།། ནམ་མཁའ་དག་ལ་འཛིན་པ་བཞིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གྱི་རྒྱུད་ཀྱི་ཐེག་པའི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །
iiif viewer powered by OpenSeadragon
190b - 191b