| | e-texts navigator
|
190a1 ཞིག་དབྱུང་།། ཉམས་མེད་རིག་པ་ཉམས་ཀྱི་མཆོག། དེདོ་ན་ཡད་ཅེས་འབྲས་བུའི་མཆོག། དཔེར་ན་གྱི་འཚལ་ཡོད་པའི་ཕྱིར།། འབྲས་བུ་གསེར་ལ་སྨོས་ཅི་དགོས།། དེ་བཞིན་ངེས་པའི་གདང་ལྡན་ན།། འབྲས་བུ་སངས་རྒྱས་སྨྲས་ཏེ་དགོས།། ངེས་དོན
190a2 བྱང་ཆུབ་དུས་འདིར་འགྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་གཟུགས་བརྙན་འབྱུང་བའི་དཔེ།། ཉི་ཟླ་གཟའ་སྐར་རྩོལ་མེད་པར།། རྒྱ་མཚོར་གཟུགས་བརྙན་འཆར་བལྟར།། སེམས་ཅན་མོས་པ་ཐ་དད་པར།། གཟུགས་སྒྲ་རྣམ་གཉིས་དུས་གཅིག་འབྱུང་།། རྫོགས་པ
190a3 ཆེན་པོ་ངོས་དོན་འདུས་པ་ལས། འབྲས་བུ་ངེས་པར་བསྡུ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རྩ་བ་གཅིག་པའི
190a4 ཆོས་ཉིད་ལ།། འགྲོ་དྲུག་སྡུག་བསྔལ་ཅི་ལས་བྱུང་།། མུ་སྟེགས་རྟག་ཆད་ཇི་ལྟར་འཁྲུལ།། ཐེག་པའི་རིམ་པ་གང་ལས་བྱུང་།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འགྲོ་དྲུག་སྡུག་བསྔལ་འབྱུང
190a5 པ་ནི།། ལྷན་ཅིག་མ་རིག་རྒྱུ་ཉིད་ལས།། ཀུན་བརྟགས་མ་རིག་རྐྱེན་བྱས་ནས།། ཐག་པ་སྦལ་དུ་འཛིན་པ་བཞིན། དབང་པོས་ཡུལ་ལ་དེར་སེམས་པས།། ལེ་ལོ་སྙོམས་ལས་དམན་ལ་སྦྱར།། ཆགས་སྡང་ལྔ་ལ་ལོངས་སྤྱོད་པས།། དེ་ཡི་རྣམ་སྨིན་འབྲས་བུ་འབྱུང་།།
190a6 ད་ཡང་འདུས་པའི་སྙིང་པོ་ཉོན།། དམྱལ་བས་རང་སེམས་མེ་སོགས་མཐོང་།། ཡི་དྭགས་མི་གཙང་མཐོང་ཡུལ་སྡང་།། བྱོལ་སོང་ངམ་ཐོག་གྱེན་ཐུར་སྣང་།། མི་ཡིས་མཐོང་ཡུལ་བཞི་རུ་སྣང་།། ལྷ་མ་ཡིན་གྱིས་གོ་མཚོན་མཐོང་།། ལྷ་ཡིས་རིན་ཆེན་སྣ་བདུན་མཐོ
190a7 དེ་དག་འགྲོ་ཇུག་སྡུག་བསྔལ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། འགྲོ་དྲུག་སྡུག་བསྔལ་འབྱུང་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། མུ་སྟེགས་འཁྲུལ་ཚུལ་བཀའ་སྩལ་པ།། ཡོད་མཐར་འཛིན་པའི
iiif viewer powered by OpenSeadragon
189b - 190b