e-texts navigator
Collection
Volume
Page
Wylie

189a1 དམ་པ་ལྟ་བའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པའི་ལྟ་བ་ལ།། དེ་ལ་མན་ངས་ཤེས་ཏེ།། སྐྱེས་ཀྱང་དམ་པར་མི་འཛིན་ཕྱིར།། འདི་མཉམ་འཛིན་རྟོག་མེད་པར་གསལ།། ཡང་དག་བློལ་གོལས་མེད།། དེ་སྟེར་དངོས
189a2 མེད་འཛིན་ཐལ་གྱིས།། ཡང་དག་ལྟ་བའི་དགོངས་པ་འདི།། མནོར་ང་དང་མཉན་ཐར་།། ། ངན་པ་གང་དང་ལྷ་བ་བཟུང།། ད་ཡང་རྡོ་སེམས་དཔའ་ཉོན།། གཞིངས་པ་དང་མཛེས་པ།། གང་མ་ཁན་ལག་པ་དེ་བརྟེན་།། སྲ་ཚོགས་སྣང་ཡང་གཟང་དུ་མེད།། དེ་ཙམ་ཉིད།
189a3 དས་གན་ཐམ། དུ་ལྡན་། སྐསགསུད་ཐ་པད་དུ་། དབྱུང་སཔར། གས་པ་ཅ་དུ་སྣོད་དུ་འདུམ་པ། བད་པན་པ
189a4 བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་ཡང་གསུངས་པ།། རང་རིག་ཡེ་ཤེས་གསལ་བ་ཡི།། དོན་དང་མི་འབྲལ་ཏིང་འཛིན་ནི།། གསལ་ལ་མི་རྟོག་མི་གཡོ་བ།། ངོ་བོ་ལ་སོགས་དབྱེ་བ་ཡིས།།
189a5 བརྒྱད་ཚན་གསུམ་གྱི་མན་ངག་གིས།། གཉིས་གསུམ་བསྲེས་པའི་ཆོས་ཉིད་ནི།། ཡེ་ཤེས་རང་བྱུང་ཆེན་པོ་ལ།། མི་རྟོག་ཡེ་ཤེས་ལྡན་གྲུབ་ན།། རྩོལ་བསླབ་འདས་པའི་བྱང་ཆུབ་སེམས།། གསལ་ཙམ་ཉིད་ནས་དམིགས་པ་མེད།། དེ་བཞིན་ཉིད་དུ་ཀུན་རིག་པས།
189a6 དེས་ཁྱབ་གར་གནས་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའི་ངང་དུ་སྨོན་སངས་ལྟར།། ང་མ་ཆོས་སྲུ་ངོས་བོན་ན།། ཐོག་མ་མེད་ནས་བསགས་པ་ཡི།། རྣམ་ཏོག་ཕུང་པོ་དཔག་མེད་པའི།། དངོས་ན་ཆོས་སྒྲ་རིག་པ་ལས།། རྣམ་རྟོག་སྤོང
189a7 པའི་ངང་དུ་སངས།། འདི་ཤེས་རང་རིག་སྒོམ་པའི་མཆོག། ཆོས་སྐུ་སྙིང་པོ་བྱང་ཆུབ་ལ།། མཚོན་དུ་མེད་པར་གྱེན་དང་ཐལ།། དེ་བཞིན་ཉིད་དུ་ཀུན་རིག་ནས།། དེས་ཁྱབ་ཆོས་སྤུ་རང་གསལ་འདིས།། ཀུན་ལ་དབང་བསླབ་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་དེསདོན




iiif viewer powered by OpenSeadragon

188b - 189b

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa